བོད་ལྗོངས་འཐུས་མི་ཚོགས་པས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེས ༡༢ ཉིན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ཏེ།  ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་རེད། 
བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་གཡུང་ཅུན་བཅས་གྲོས་ཞིབ་ནང་ཞུགས་ཡོད། 
ཚོགས་འདུའི་ཐོག  ཝུའུ་དབྱིང་ཇེ་དང་པད་མ་འཕྲིན་ལས།  བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ།  འཇིང་ཧན་ཁྲའོ།  ཀོ་ཆིང་ཕིང་།  སྐལ་བཟང་སྒྲོལ་དཀར།  ཕུན་ཚོགས།བསོད་དར།  ཕུར་བུ་དོན་གྲུབ།  དབང་འདུས།  ཀྲུའུ་ཡ་ཕིན།  སྒོར་སྒོར་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་བ་རེད།  ཚང་མས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནི་དར་ཆ་མཐོན་པོར་བསྒྲེངས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པའི་སྙན་སྒྲོན་ཡག་པོ་ཞིག་དང་།  འདུ་ཤེས་བཞི་ཟབ་ཏུ་དང་གདེང་ཚོད་བཞི་བརྟན་དུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དར་ཆ་གསལ་སྟོན།  ཆབ་སྲིད་ལ་སྣང་ཆེན་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག  ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་དང་མི་སེམས་གཅིག་སྒྲིལ་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག་བཅས་ཡིན་པས།  ང་ཚོས་ཡོངས་སུ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 
ཚང་མས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་ཏང་གི་འགོ་ཁྲིད་དང་འདུ་ཤེས་བཞིའི་སྙན་སྒྲོན་འགོ་ནས་མཇུག་བར་ཁྱབ་ཡོད་པས།  སྲོག་ཤིང་ལ་བརྩི་བཀུར་དང་ཡིད་ཆེས།  ལྷག་བསམ་རྣམ་དག  སྲུང་སྐྱོང་བཅས་བྱེད་རྒྱུ་དང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས།  བྱ་སྤྱོད་ཀྱི་རང་རྟོགས་བཅས་མངོན་པ་དང་།  མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་བློ་བརྟན་འགྱུར་མེད་ཀྱི་གདེང་ཚོད་བཞི་འགོ་ནས་མཇུག་བར་ཁྱབ་ནས།  མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་གལ་ཆེའི་རྩ་དོན་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་དེ་དག་ཚང་མ་གཙོ་གནད་དང་འགག་རྩ་ཡིན་པ།  མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་འགོ་ནས་མཇུག་བར་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་ཁྱབ་ཡོད་པ་དེའི་ཐོག་ནས།  རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་མོ་མངོན་པ་དང་།  མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་གཙོ་གནད་ལས་དོན་ལ་ཕྱོགས་བསྡོམས་ནན་ཏན་བྱས་པ།  འདས་ཟིན་པའི་ལོ་ལྔའི་ལས་ཀའི་རྩ་ཆེའི་ཉམས་མྱོང་གཅིག་བསྡུས་བཅས་བྱས་པ་མ་ཟད་སླད་ཕྱིན་ལོ་གཅིག་རིང་གི་ལས་དོན་ཐད་བཏོན་པའི་གྲོས་འཆར་རྣམས་དོན་དངོས་དང་མཐུན་པ།  ཁྲིམས་ལུགས་ལ་བརྩི་འཇོག་དང་སློབ་སྦྱོང་།  བརྩི་སྲུང་།  བེད་སྤྱོད་བཅས་བྱེད་པའི་ཐད་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་པ་དང་ཚང་མར་མིག་དཔེ་སྟོན་ཡོད་པ་བཅས་ཀྱི་ངོས་འཛིན་གནང་བ་རེད། 
ཚང་མས་འདུ་ཤེས་བཞི་སྔར་བས་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་སྔར་བས་ཆེ་རུ་བཏང་ནས་གཡོ་འགུལ་སྤུ་ཙམ་མེད་པར་མི་དམངས་འཐུས་ཚོགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་།  རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་རང་རྟོགས་ངང་ཁྲིམས་ལུགས་ལ་བརྩི་འཇོག་བྱེད་པ་དང་ཁྲིམས་ལུགས་སློབ་སྦྱོང་ནན་ཏན་བྱེད་པ།  ཁྲིམས་ལུགས་ནན་པོ་སྲུང་བ།  སྣེ་འཁྲིད་དེ་ཁྲིམས་ལུགས་བེད་སྤྱོད་གཏོང་བ་བཅས་བྱེད་རྒྱུ་དང་།  མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ཡག་པོ་བསྒྲུབ་སྟེ།  ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་ལྟ་བ་ལས་བྱེད་མང་ཚོགས་ཚང་མའི་སེམས་ལ་ཟུག་པ་བྱེད་རྒྱུ།  ཁྲིམས་ལྟར་བྱ་བ་ནན་པོ་བསྒྲུབ་པ་དང་ཁྲིམས་ལྟར་བོད་སྐྱོང་གི་ལག་ལེན་གསར་པས་བསྒྱུར་འཕེལ་བརྟན་གསུམ་ལ་ཁྲིམས་འཛིན་ཐད་ནས་འགན་སྲུང་བྱེད་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]