རང་ལྗོངས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་རྩ་ཁྲིམས་བཟོ་བཅོས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ པའི་ཚེས ༡༡ ཉིན་གྱི་ཕྱི་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་ཐོག་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་རེད།  རང་ལྗོངས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས།  རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པར་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་བྱ་སྤྱོད་ཐོག་ནས་རྩ་ཁྲིམས་ལག་བསྟར་བྱེད་རྒྱུ་ཡིན་ཞེས་ཤོད་ཀྱི་ཡོད།

སྤྱི་ལོ ༢༠༠༤ ལོའི་ཟླ་བ་གསུམ་པའི་ཚེས ༡༤ ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་རྗེས་ད་རེས་སླར་ཡང་རང་རྒྱལ་གྱི་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་རེད།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན།  སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཅུས་ཀྲེང་ཅང་ནས།  དེ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཤིག་དང་བྱ་གཞག་གོང་འཕེལ་གྱི་དགོས་མཁོ་ཞིག  ཏང་སེམས་དང་དམངས་སེམས་ཕྱོགས་ས་ཞིག་བཅས་ཡིན་པ་དང་།  དེས་མི་དམངས་མང་ཚོགས་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མངོན་གྱི་ཡོད་པ་དང་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བརྩོན་ལེན་བྱེད་པའི་དགོས་མཁོ་དང་མཐུན་པ་ཞིག་རེད་ཅེས་གསུངས་པ་རེད།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་དང་།  རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག་རེད།  ནག་ཆུ་ས་ཁུལ་ཤན་རྩ་རྫོང་སྨད་པ་ཤང་དབྱར་ས་གྲོང་ཚོར་བཅའ་སྡོད་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཆོས་དབང་ཕུན་ཚོགས་ནས།  ད་རེས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆོད་སེམས་ཆེ་ཤོས་མངོན་གྱི་ཡོད་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིགས་གཞུང་གི་གོང་འཕེལ་གསར་ཤོས་ཀྱང་མངོན་གྱི་ཡོད་ཅེས་གསུངས་པ་རེད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ནི་རང་རྒྱལ་གོང་འཕེལ་གྱི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་རེད།  རང་རྒྱལ་གྱི་རྩ་ཁྲིམས་དེ་ངེས་པར་དུ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་གྱི་གོང་འཕེལ་དང་བསྟུན་ནས་རྒྱུན་ཆད་མེད་པར་འཐུས་ཚང་གོང་འཕེལ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།

གསར་དུ་བཟོ་བཅོས་རྒྱབ་པའི་རྩ་ཁྲིམས་ནང་མི་རིགས་ཀྱི་འབྲེལ་བའི་སྐོར་ལ་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཞེས་པ་དེ་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།  ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཞེས་པར་བཟོ་བཅོས་བརྒྱབ་པ་རེད།  བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་པ་ཡང་ཞའོ་ཅོན་ནི་ཐུའུ་ཅ་རིགས་ཀྱི་བུ་མོ་ཞིག་རེད།  ཞའོ་ཅོན་ནས་གསུངས་དོན།  བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་ནང་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་དུས་བདེ་དང་སྤྱི་ཚོགས་ཞི་མཐུན།  མི་དམངས་བདེ་སྐྱིད་བཅས་ལྡན་པའི་རེ་འདོད་མངོན་པར་བྱས་ཡོད་པ་མ་ཟད།  རང་རྒྱལ་གྱི་མི་རིགས་འབྲེལ་བ་གཏན་འཁེལ་ཡང་བྱས་ཡོད་པས་དོན་དངོས་དང་མཐུན་པ་ཞིག་རེད་ལ་སླད་ཕྱིན་རང་རྒྱལ་གྱི་མི་རིགས་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཡང་རྩ་ཁྲིམས་ཀྱི་འགན་ལེན་བྱས་ཡོད།  དེར་བརྟེན་ངས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

གྲོང་མི་ཀྲང་ཧུའེ་ནས།  བཟོ་བཅོས་བརྒྱབ་རྗེས་ཀྱི་རྩ་ཁྲིམས་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་སོགས་ཀྱི་ནང་དོན་བཀོད་ཡོད།  དེའི་ཐོག་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་སྤྱོད་བཟང་གིས་རྒྱལ་ཁབ་སྐྱོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཡོད་པ་མཚོན་གྱི་ཡོད་པས།  རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་རྒྱབ་སྐྱོར་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་།  རྒྱུན་ཆད་མེད་པར་རང་ངོས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་བྱ་སྤྱོད་ཐོག་ནས་རྩ་ཁྲིམས་དེ་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་པའི་དབང་གྲགས་གནས་བབ་སྲུང་སྐྱོང་དང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་བཅང་བའི་བརྩེ་སེམས་བྱ་སྤྱོད་ཐོག་མངོན་པར་བྱས་ཏེ།  ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་བོད་ལྗོངས་ས་མཐོ་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]