ལྗོངས་ཏང་ཨུད་ཀྱིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོཌ་ཐེངས་གཉིས་པ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༡༠ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལྷ་སར་འཚོགས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཇེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅིའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།  བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན།  དུས་རབས་གསར་པའི་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཏེ།  བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྒུལ་ཤུགས་དང་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། བོད་དམག་ཁུལ་ཁང་གི་སི་ལིང་ཡོན། ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཡུང་བཅས་ཚོགས་འདུར་ཕེབས་ཡོད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོང་ཡན་ནས་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༧ ལོའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་གནས་ཚུལ་དང་།  ལྗོངས་ཏང་ཨུད་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་སྤྱི་ལོ ༢༠༡༨ ལོའི་ལས་ཀའི་གཙོ་གནད་དང་།  བོད་རང་སྐྱོང་ལྗོངས་ལོ་ལྔ་ཚན་བཅུ་གསུམ་པའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཆར་འགོད་རྩོམ་བཟོའི་གནས་ཚུལ་སྙན་སེང་ཞུས་གནང་བ་རེད།  ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གཞུང་དོན་ཁང་ནས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་དང་འབྲེལ་བ་དམ་ཟབ་ཡོད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་རྒྱལ་སྲུང་གི་བླང་བྱ་ལག་བསྟར་བྱེད་པའི་དོ་དམ་བྱེད་ཐབས་ཚོད་ལྟའི་ལག་བསྟར་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ་གྱི་འཆར་ཟིན་འགོད་པའི་གནས་ཚུལ་སྙན་སེང་ཞུས་པ་རེད།  ཚོགས་ཞུགས་མི་སྣས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་དང་གཏམ་བཤད་སྤེལ་བ་རེད།
ཝུའུ་དབྱིང་ཇེ་ནས་སྤྱི་ལོ ༢༠༡༧ ལོ་དང་ལྷག་པར་དུ་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཚོགས་ཚུན།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་།  སྤྱི་ཁྱབ་ཧྲུའུ་ཅིའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ།  སྤྱི་ཁྱབ་ཧྲུའུ་ཅིའི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ།  མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱ་རྒྱུར་དམ་པོར་དམིགས་པ།  དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ།  བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་ལྕག་གཏོང་བ་བཅས་བྱས་པས།  དམག་དམངས་མཉམ་འདྲེས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་རྣམ་པ་བཟང་པོ་ཞིག་མངོན་པ་དང་།  རྩ་འཛུགས་ཀྱི་དོ་དམ་མ་ལག་སྤྱིའི་ཆ་ནས་གྲུབ་པ།  རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་འདྲེས་རིམ་གྱིས་ཟབ་ཏུ་ཕྱིན་པ།  མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ།  དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགན་སྲུང་ཞུམ་མེད་སྟོབས་ལྡན་ཡིན་པ་བཅས་བྱུང་ནས།  དུས་རབས་གསར་པར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཀྱི་རྣམ་པ་མགྱོགས་མྱུར་ཆགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།  གྲུབ་འབྲས་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དམངས་མཉམ་འདྲེས་དང་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱི་མཛུབ་ཁྲིད་ལས་ཐོབ་པ་དང་།  དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱི་ཐུན་མོང་འབད་འཐབ་ལས་བྱུང་ཡོད་ཅེས་གསུངས་པ་རེད།
ཝུའུ་དབྱིང་ཇེ་ནས་དམག་དམངས་མཉམ་འདྲེས་གོང་འཕེལ་གྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་སྤྱི་ཡོངས་ལ་གཞིགས་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད།  ང་ཚོས་ངེས་པར་དུ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།  དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་།  སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ།  རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཁོང་དུ་ཡང་དག་ཆུད་པ།  དོན་དངོས་ལ་གཞི་ཚུགས་པ།  སྤྱི་འདོམས་འཆར་འགོད།  ཞན་ཆ་འཚོལ་བ།  ཞན་ཆ་གསབ་པ།  གཙོ་གནད་མངོན་གསལ་དོད་པ།  གནད་སྨིན་ཤུགས་འདོན།  སྒྲིག་སྲོལ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ།  སྲིད་ཇུས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།  འཕེལ་རྒྱས་གཏོང་སྟངས་གསར་གཏོད།  དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་དེ་ཐོག་མའི་མཉམ་འདྲེས་ནས་མཉམ་འདྲེས་གཏིང་ཟབ་བར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  དམག་དཔུང་དང་ས་གནས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྟོབས་ཤུགས་དང་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་གྱིས་མཉམ་ཤུགས་ཆགས་པར་བྱས་ཐོག  ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས།  དམག་དཔུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་བྱེད་ཚད་ཆེ་རུ་བཏང་ནས།  དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་ལེགས་གཏོང་དང་དབུལ་གྲོལ་འགག་སྒྲོལ་དང་ཟུང་འབྲེལ་གང་ལེགས་བྱས་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས།  དམག་དཔུང་དང་ས་གནས་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་རིན་དོད་ཅན་གྱི་ཞབས་ཞུའི་ལས་ཀ་ཕྱོགས་ཡོངས་ནས་མཚམས་འཇོག་པའི་ལས་འགན་ལེགས་གྲུབ་བྱེད་དགོས།  ལས་ཀའི་འབྲེལ་གཏུག་མཐུད་འབྲེལ་གྱི་ལམ་སྲོལ་ཆགས་པར་བྱས་ནས་གཏན་ལ་འཁེལ་བའི་ལས་ཀ་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་།  སྐུལ་སྤེལ་མགྱོགས་སུ་གཏོང་བ་དང་ལྷག་དོན་དུ་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་མ་ཟད།  མུ་མཐུད་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས།  གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད།  ཁྱད་ཆོས་རྒྱུན་འཁྱོངས་བཅས་མཐའ་འཁྱོངས་བྱས་ཏེ་ཡུལ་སྨད་ཚད་བརྒལ་སར་རྩིས་ནས་བློ་བརྟན་འགྱུར་མེད་ངང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ།  མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་དགོས།  དམག་དཔུང་དང་ས་གནས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་རྒྱལ་གཅེས་རིང་ལུགས་ཀྱི་རྟེན་གཞི་དང་གསར་བརྗེའི་གཡུལ་ས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ།  མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ལྔ་ཆེ་རུ་གཏོང་བ་བཅས་བྱས་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་དགོས།  སྨན་བཅོས་འཕྲོད་བསྟེན་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་ཐད་ཀྱི་དཔུང་སྡེའི་ལེགས་ཆ་གང་ལེགས་བཏོན་ནས་མང་ཚོགས་ལ་སྔར་བས་ཞབས་ཞུ་དང་།  མི་རིགས་ཁག་གི་མང་ཚོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་སྐུལ་ཁྲིད་བྱས་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ཐོག་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས།  སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་།  སྤྱི་ཡོངས་ཀྱི་ལྟ་བ་དང་སྤྱིའི་འདུ་ཤེས་ཟབ་ཏུ་གཏོང་བ།  ཕན་ཚུན་བསམ་ཤེས།  ཕན་ཚུན་རྒྱབ་སྐྱོར།  རང་གཞན་མི་དབྱེ་བ།  གཞོགས་འདེགས་དམ་ཟབ།  བློ་ཁ་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ།  ནུས་ཤུགས་ཡོད་རྒུས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས།  དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་སོགས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]