ཆེ་དགྲ་ལྷས་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་གནང་ནས།  སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལོ་འཁོར་དཔྱད་དཔོག  ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་རྣམ་གྲངས་འཆར་འགོད་ཀྱི་དུས་འབྲིང་ལེགས་སྒྲིག་བཅས་སྐོར་གྱི་གྲོས་འགོ་དང་ཇུས་གཞི་སོགས་ལ་གྲོས་ཞིབ་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་གི་སྙན་སེང་གསན་པ་དང་སྦྲགས།  ད་ལོའི་ཚུན་དུ་དམངས་ཁྲོད་མ་འཇོག་དུས་མཚུངས་པ་ལས་བརྒྱ་ཆ ༦༥.༦ འཕར་བ་དང་།  ད་ལོའི་སྤྱི་ཟླ ༣ པའི་ཟླ་མཇུག་བར་རང་ལྗོངས་ཀྱི་སྤྱི་དབང་མ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་ཚོང་དུད་ཁྲི་ཚོ ༢༢.༦༡ ཟིན་ནས།  རང་ལྗོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཚོགས་འདུའི་ཐོག་རིམ་ཁག་ཚན་པ་ཁག་གིས་བྱ་ཐབས་ནུས་ལྡན་བཟུང་སྟེ་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་སྒོ་མོ་རྒྱ་ཆེར་དབྱེས་ནས།  བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པ་གཉེར་གྲབས་ཡོད་པ་སོགས་དང་བསྟུན་ནས།  གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་མ་དངུལ་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་ནང་ཞུགས་རྒྱུར་ཡིད་འགུག་དང་རྒྱབ་སྐུལ་བྱས་ཏེ།  ལྗོངས་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་རང་ལྗོངས་ཀྱིས་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་སྤྱི་ལོ ༢༠༡༦ ལོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལོ་འཁོར་དཔྱད་དཔོག་ལས་དོན་ལེགས་སྒྲུབ་ཟིན་པ་དང་།  དཔྱད་དཔོག་གི་མཇུག་འབྲས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་མ་ཟད།  ས་ཁུལ་ཁག་དང་ཚན་པ་ཁག་གིས་ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ།  རང་ངོས་ཀྱི་ལས་ཀའི་ཞན་ཆར་ཞིབ་བཤེར་བྱེད་པ་དང་ལས་དོན་དོན་འཁྱོལ་ཐད་ལྡོག་སྐུལ་བྱས་ནས།  སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀར་གྲུབ་འབྲས་ཐོབ་པ་བྱེད་པ་དང་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ།  འཛམ་གླིང་གི་མཐའ་མའི་དག་ཞིང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་ལོ་ལྔ་ཚན་བཅུ་གསུམ་པའི་རྣམ་གྲངས་འཆར་འགོད་ཀྱི་དུས་འབྲིང་ལེགས་སྒྲིག་གི་གཙོ་གནད་དེ་དམངས་འཚོ་ལེགས་བཅོས་དང་དབུལ་གྲོལ་འགག་སྒྲོལ།  གྲོང་གསེབ་དར་རྒྱས།  སྐྱེ་ཁམས་སྲུང་སྐྱོང་།  ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།  ཚོགས་འདུའི་ཐོག་ད་དུང་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]