ཝུའུ་དབྱིང་ཇེས་ལྷ་ས་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༡༤ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ལྷ་ས་གྲོང་ཁྱེར་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་གཟབ་སྐྱོད་ངང་ཆོས་ལུགས་ལས་ཀར་བརྟག་ཞིབ་གནང་སྐབས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག  ཆོས་ལུགས་ལས་ཀའི་ཏང་གི་གཞི་རྩའི་མཛད་ཇུས་དང་ཆོས་ལུགས་བྱ་བའི་སྲོལ་ཡིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  ཆོས་ལུགས་བྱ་བར་ཁྲིམས་བཞིན་དོ་དམ་དང་ཁྲིད་སྟོན་བྱེད་པའི་ཐད་ཤུགས་བརྒྱབ་སྟེ།  ཆོས་ལུགས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་བསྟན་ཁོས་ཕེབས་སྐྱོང་ཞུས་ཡོད།
ཝུའུ་དབྱིང་ཇེ་དང་བཅས་པ་དང་ཐོག་གནས་ནང་དགོན་དུ་ཕེབས་ཏེ་དཔའ་བོ་རིན་པོ་ཆེ་དང་བཀའ་མོལ་གནང་ནས།  ཁོང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་དགོན་སྡེའི་དགེ་འདུན་པ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་འཚམ་འདྲི་གནང་བ་རེད།  ཝུའུ་དབྱིང་ཇེ་ནས་ཉེ་བའི་ལོའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  རང་སྐྱོང་ལྗོངས་ནས་ཆོས་ལུགས་ལས་ཀའི་ཏང་གི་གཞི་རྩའི་མཛད་ཇུས་དང་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  དགོན་སྡེ་དང་གྲྭ་བཙུན་མི་རེ་ངོ་རེས་ཏང་གི་བཀའ་དྲིན་ཚོར་ཐུབ་པ་བྱས་ཡོད་པ་དང་།  ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་རྒྱ་ཆེའི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་འགན་སྲུང་ནུས་ལྡན་ཐུབ་པ་བྱས་ཡོད་ཅེས་གསུངས་པ་དང་སྦྲགས།  དཔའ་བོ་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཐོག  རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་ཡོང་བ་བྱེད་པ་དང་།  སྣེ་ཁྲིད་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ།  རྒྱ་ཆེའི་རྒྱལ་གཅེས་ཆོས་ལུགས་མི་སྣ་དང་གྲ་བཙུན་ཚོས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་ཁ་གཅིག་གཏད་དང་དམིགས་ཚད་ཐད་བློ་སེམས་གཅིག་མཐུན།  བྱ་སྤྱོད་ཐད་བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱེད་དགོས་པ་མ་ཟད།  ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་གཤིག་བྱ་སྤྱོད་ལ་དར་ཆ་གསལ་སྟོན་བྱས་ཏེ་འཐབ་རྩོད་བྱེད་པ་དང་།  རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུའི་ཐུགས་རེ་ཡང་གནང་བ་རེད།
དགོན་པའི་མཐོ་སར་ཕེབས་ནས་རྒྱང་གཟིགས་གནང་སྐབས་དགོན་པའི་མཐའ་རི་ཡིས་སྐོར་བ་དང་འགྲམ་དུ་ལྗོན་ཤིང་སྣ་ཚོགས་ཡོད་པས་ཁོར་ཡུག་ཧ་ཅང་སྐྱིད་པོ་ཡོད།  ཝུའུ་དབྱིང་ཇེ་ནས་བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་དང་ས་གོ་ལའི་སྣེ་མོ་གསུམ་པ་ཡིན་པའི་ངོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྤེལ་རྒྱུ་ཧ་ཅང་གལ་འགངས་ཆེ་བས།  རྒྱལ་གཅེས་ཆོས་ལུགས་མི་སྣས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་།  ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དད་ལྡན་མང་ཚོགས་ཤིང་འཛུགས་ནགས་བཟོའི་བྱེད་སྒོར་རྒྱུན་སྲིང་ལྷོད་མེད་ངང་ཞུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ།  དུད་ཚང་ཚང་མའི་ཉེ་འཁོར་དུ་ཤིང་འཛུགས་ནགས་བཟོ་བྱེད་པ་དང་བོད་ཀྱི་རི་སྔོ་ཆུ་དྭངས་སྲུང་སྐྱོང་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས་ཝུའུ་དབྱིང་ཇེ་ཡིས་མཚུར་ཕུ་དགོན་དུ་ཕེབས་ནས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།  རྟོག་ཞིབ་གནང་རིང་ཝུའུ་དབྱིང་ཇེ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་མི་དམངས་ཀྱི་རེ་འདོད་སྐོང་རྒྱུ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པས།  རིམ་ཁག་ཚན་པ་ཁག་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་མངའ་ཁོངས་ཕྱིའི་སིམ་འཛུལ་དང་གཏོར་གཤིག་བྱ་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་།  ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱས་ཏེ་ཆོས་ལུགས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པ་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ལ།  ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས།  དགོན་སྡེ་ཞི་མཐུན་བཅས་ཡོང་བ་བྱེད་པ་དང་།  དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ཉེན་རྟོག་པར་སེམས་ཁུར་བྱེད་དགོས་པ།  རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་མི་སྣས་སྤྱི་ཚོགས་གོང་འཕེལ་དང་དུས་རབས་ཡར་ཐོན།  མི་དམངས་བདེ་སྐྱིད་བཅས་ལ་ཕན་པའི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ནང་དོན་དར་སྤེལ་གཏོང་བ་དང་།  འདུལ་ཁྲིམས་དང་བསྟན་དོན་ལ་གསལ་འགྲེལ་ཡང་དག་བྱས་ཏེ།  ཆོས་ལུགས་དེ་རྒྱལ་ཁབ་ཀྱི་གོང་འཕེལ་དང་མང་ཚོགས་ཀྱི་རེ་འདོད།  དུས་རབས་ཀྱི་སྙིང་སྟོབས་བཅས་དང་འཚམས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ།  དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཐོག་ནས་ལྟ་སྟངས་འཛིན་ཏེ་སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱས་ནས།  བློ་གྲོས་དང་སྟོབས་ཤུགས་དེ་ཐོན་སྐྱེད་གོང་འཕེལ་དང་ངལ་རྩོལ་ཕྱུག་འགྱུར།  འཚོ་བ་ལེགས་བཅོས་བཅས་ཀྱི་ཐད་བཏོན་ནས་ཚེ་འདིའི་བདེ་སྐྱིད་ཀྱི་འཚོ་བ་ཡག་པོ་སྐྱེལ་རྒྱུ་དང་།  བོད་བརྒྱུད་ནང་བསྟན་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུར་ཁྲིད་སྟོན་བྱེད་དགོས་པ།  རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པས་ཁྲིམས་ལྟར་དོ་དམ་དང་དམངས་གཙོའི་དོ་དམ།  སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་གཏིང་ཟབ་བྱས་ཏེ།  དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ།  ལྷག་བསམ་ཟོལ་མེད་ངང་གྲྭ་བཙུན་ཚོ་དང་གྲོགས་པོ་སྒྲིག་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱས་ཐོག  ཁོང་ཚོས་སེམས་གཏིང་ནས་ཏང་གི་སྲིད་ཇུས་བཟང་པོ་མྱོང་ཚོར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་མྱོང་ཚོར་ཐུབ་པ་བྱས་ནས།  ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]