རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རིར་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཚོགས་གཙོ་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་འདི་ཟླའི་སྤྱི་ཚེས ༩ ནས ༡༤ ཉིན་བར་ཨ་རིར་འཚམ་འདྲི་གནང་བ་རེད།  འཐུས་མི་ཚོགས་པས་ཝ་ཧྲེང་ཐོན་དུ་ཨ་རིའི་གྲོས་ཚོགས་ཁང་གི་ཁོངས་མི།  རྒྱལ་དོན་ཁང་གི་དཔོན་རིགས་དང་མཇལ་འཛོམས་གནང་བ་མ་ཟད་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་བཞུགས་མོལ་གནང་བ་མ་ཟད།  སན་ཧྥུའུ་རན་སེ་སི་ཁོར་འཐུས་མི་ཚོགས་པས་ས་ཆ་དེ་གའི་ཕྱིར་སྡོད་ཀྲུང་གོ་བ་དང་བོད་རིགས་སྤུན་ཟླ་བཅས་དབར་སྤེལ་རེས་ཀྱང་གནང་བ་རེད། 
ཨ་རི་ཕྱོགས་དང་མཇལ་འཛོམས་གནང་སྐབས།  པད་མ་དབང་འདུས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༦༠ ལྷག་ཙམ་སོང་རིང་།  བྱ་གཞག་ཁག་ལ་གོང་འཕེལ་མྱུར་པོ་བྱུང་བ་དང་།  མང་ཚོགས་ཀྱི་ཁེ་དབང་དང་རང་དབང་ལ་འགན་སྲུང་གང་ལེགས་ཐུབ་ཡོད་པ་དེ་ནི་ཚང་མའི་མཐོང་ཆོས་སུ་གྱུར་བའི་དོན་དངོས་ཤིག་རེད་ཅེས་གསུངས་པ་དང་།  ཁོང་གིས་བོད་དང་འབྲེལ་བའི་གནད་དོན་དེ་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཐུག་པ་དང་།  ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད།  བོད་ཀྱི་བྱ་བ་ནི་ཀྲུང་གོའི་ནང་སྲིད་འབའ་ཞིག་ཡིན་པས་ཕྱིའི་རྒྱལ་ཁབ་གང་རུང་ཞིག་ལ་ཐེ་ཇུས་བྱེད་དབང་མེད།  བོད་ཀྱི་གནས་ཚུལ་དེ་བོད་ལ་འཚོ་བ་སྐྱེལ་བའི་མི་དམངས་ཁྲི་ཚོ ༣༠༠ ལྷག་ཙམ་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་ཡོད།  ཨ་རིས་བོད་དང་འབྲེལ་བའི་གནད་དོན་གྱི་གལ་ཆེའི་ཚོར་སྣང་སྐྱེན་པའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།  ཀྲུང་གོར་ངོ་རྒོལ་དང་ཁ་ཕྲལ་གཏོང་བའི་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་གསལ་རྟོགས་བྱས་ཏེ་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་གནས་ལ་བརྩི་འཇོག་བྱས་ཐོག  ཏཱ་ལའི་རུ་ཚོགས་ཀྱི་འགོ་གཙོ་ལྐོག་ཏུ་འཚམ་འདྲི་བྱེད་དུ་མི་འཇུག་པ་དང་།  དེ་དང་རྣམ་པ་གང་རུང་གི་འབྲེལ་གཏུག་མི་བྱེད་པ་མ་ཟད།  ཀྲུང་གོར་ངོ་རྒོལ་དང་ཁ་ཕྲལ་གཏོང་བའི་དེའི་བྱ་སྤྱོད་ལ་རྒྱབ་སྐྱོར་མི་བྱེད་པ།  སྟབས་བདེ་གང་ཡང་མི་སྐྲུན་པར་བོད་ལྗོངས་དང་འབྲེལ་བའི་གནད་དོན་ཐག་གཅོད་གཟབ་ནན་དང་འོས་འཚམས་བྱས་ནས།  ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བར་འགོག་རྐྱེན་མི་ཡོང་བ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད། 
ཨ་རི་ཕྱོགས་ནས་དགེ་མཚན་ལྡན་ལ་གྲུབ་འབྲས་ཀྱིས་ཁྲིད་ཕྱོགས་བྱེད་པའི་ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད།  གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།  ཨ་རིས་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད།  བོད་རང་བཙན་ཟེར་བར་རྒྱབ་སྐྱོར་མི་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་མྱོང་མེད་ཅེས་བཤད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]