རང་ལྗོངས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-06-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་གྱིས་རེས་འཁོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་ཐེངས་དང་པོ་བྱས་རྗེས་ཆབ་མདོ་དང་ནག་ཆུ།  ལྷོ་ཁ།  ཉིང་ཁྲི།  མངའ་རིས།  གཞིས་རྩེ་སོགས་ཀྱིས་ཁག་སོ་སོར་རེས་འཁོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་རེད།  ཚང་མས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་སེམས་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ཏེ།  དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བཤད།
རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ཆབ་མདོའི་ཡན་ལག་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་སྐོར་ཞིབ་པ། ལྗོངས་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་འཇིགས་མེད་དབང་མཚོས།  ཆབ་མདོ་གྲོང་ཁྱེར་ཁམས་པའི་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས་སུ་དཔེ་སྟོན་སྒྲོག་འགྲེལ་གནང་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཞེས་པའི་བརྗོད་དོན་གཙོ་བོ་དེ་དང་དམ་པོར་བསྟུན་ཏེ་སྒྲོག་འགྲེལ་བྱས་པས།  ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་པ་གཏིང་ཟབ་པ།  དོན་སྙིང་ཆེ་བ་བཅས་བྱུང་ནས་སྒྲོག་འགྲེལ་གྱི་ཕན་འབྲས་བཟང་པོ་ཐོན་ཡོད།  མཛོ་སྒང་རྫོང་གི་ཉེན་རྟོག་པ་ཞའོ་ལིའུ་ནས།  དེ་རིང་གི་སྒྲོག་འགྲེལ་དེ་གསོན་ཉམས་དོད་པ་དང་བློ་སྒོ་འབྱེད་པའི་རང་བཞིན་ལྡན་ཡོད་སྟབས།  རང་ཉིས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་དགོངས་དོན་དང་ནང་དོན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་ཞེས་གསུངས།
རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ནག་ཆུ་ཡན་ལག་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤན་ཆུན་གྱིས་ནག་ཆུར་དཔེ་སྟོན་སྒྲོག་འགྲེལ་གནང་བ་དང་།  སྒྲོག་འགྲེལ་ཧྲིལ་པོ་གསོན་ཉམས་དོད་པོ་ཡོད་པས་ཚོགས་ཞུགས་མི་སྣའི་ཡིད་དབང་འཕྲོག་པ་རེད།  སྒྲོག་འགྲེལ་དེར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན།  བཀོལ་སྤྱོད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས་ནག་ཆུས་གོམ་སྟབས་རྗེས་མར་ཏང་གི་བཀའ་དྲིན་ལ་སྣང་ཆེན་བྱས་ནས་སྲོག་ཤིང་ལ་དགའ་ཞེན་བྱེད་ཅེས་པའི་སྒྲོག་འགྲེལ་ལས་དོན་སྤེལ་རྒྱུར་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་པ་དང་།  སྒྲོག་འགྲེལ་བྱེད་སྒོར་ཞུགས་མཁན་ལས་བྱེད་མང་ཚོགས་ཚང་མར་སློབ་གསོ་ཆེན་པོ་ཐེབས་ཡོད།
རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ལྷོ་ཁའི་ཡན་ལག་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་སྐར་མ་བསྟན་པས་ལྷོ་ཁ་གྲོང་ཁྱེར་དུ་དཔེ་སྟོན་སྒྲོག་འགྲེལ་གནང་བ་དང་།  སྐར་མ་བསྟན་པས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་གཙོ་བོ་དང་དོན་སྙིང་གལ་ཆེན་གསལ་འགྲེལ་གཏིང་ཟབ་གནང་ནས།  ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་གནང་བ་མ་ཟད་མ་འོངས་པའི་འཆར་གཞི་ཡང་བཏིངས་པ་རེད།  དགའ་ལྡན་ཆོས་འཁོར་གླིང་དགོན་པའི་དགེ་འདུན་པ་བློ་བཟང་ཆོས་གྲགས་ནས།  སྒྲོག་འགྲེལ་བརྒྱུད་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འདུ་ཤེས་བཞི་སྔར་བས་ཟབ་ཏུ་ཕྱིན་པ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས།  རྩ་དོན།  འགྲོ་ལམ་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱས་ཏེ།  ཕུགས་བསམ་དད་སེམས་བརྟན་པོས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་རྒྱུ་ཡིན་ཞེས་གསུངས།
རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ཉིང་ཁྲི་ཡན་ལག་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཧྥང་གཡུས་གོ་ཡིས་ཉིང་ཁྲིར་དཔེ་སྟོན་སྒྲོག་འགྲེལ་གནང་བ་རེད།  ཧྥང་གཡུས་གོ་ཡིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གལ་ཆེའི་དོན་སྙིང་དང་ཚན་རིག་དང་མཐུན་པའི་ནང་དོན།  ལག་ལེན་གྱི་བླང་བྱ་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་གནད་འཕིགས་གནང་བ་དང་།  དེ་རྗེས་སྒྲོག་འགྲེལ་ཚོགས་པ་དེའི་ཁོངས་མིས་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།
རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞིན་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་མངའ་རིས་ཡན་ལག་ཚོགས་པའི་ཁོངས་མི། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཡོན་ཡིན་ཁྲེང་གིས་མངའ་རིས་སུ་དཔེ་སྟོན་སྒྲོག་འགྲེལ་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གནས་བབ་དང་ཕུན་སུམ་ཚོགས་པའི་ནང་དོན་གསལ་འགྲེལ་གཏིང་ཟབ་གནང་བ་དང་།  ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་ཐབས་ཇུས་དགོངས་པ་ལེགས་སྒྲུབ་བྱུང་བའི་ལག་ལེན་གསལ་བཤད་གཏིང་ཟབ་གནང་བ་རེད།  སྒྲོག་འགྲེལ་ནང་ཞུགས་མཁན་མང་ཚོགས་ཚོས་རང་འགུལ་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པ་དང་།  མངའ་རིས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།
རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་གཞིས་རྩེ་ཡན་ལག་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས་གཞིས་རྩེར་དཔེ་སྟོན་སྒྲོག་འགྲེལ་གནང་བ་རེད།  ཏིང་ཡུང་གིས་གོ་བདེ་བ་དང་གསོན་ཉམས་དོད་པའི་དཔེ་མཚོན་གྱི་ཐོག་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་ཕུན་སུམ་ཚོགས་པའི་ནང་དོན་དང་གཏིང་ཟབ་ལྡོག་མེད་ཀྱི་རང་བཞིན།  གལ་ཆེའི་དོན་སྙིང་།  གཞི་རྩའི་བླང་བྱ།  གཞི་རྩའི་བྱ་ཐབས་བཅས་གསལ་འགྲེལ་གནང་བ་རེད།  སྒྲོག་འགྲེལ་གསན་རྗེས་གཞིས་རྩེ་གྲོང་ཁྱེར་ཏང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་དངོས་སྒྲུབ་ནས།  ཐེངས་འདིའི་བྱེད་སྒོ་ནི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི།  སྤྱི་ཚོགས་ཀྱི་རྨང་གཞི་བཅས་ཡག་པོ་འདིང་བའི་གལ་ཆེའི་བྱ་ཐབས་ཤིག་རེད་ལ་གལ་འགངས་ཆེ་བའི་དོན་སྙིང་ཡང་ལྡན་ཡོད་ཅེས་གསུངས།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]