ལྗོངས་ཏང་ཨུད་ཀྱིས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་ལྗོངས་སྨྱན་སྦྱོར་ཚན་པའི་འགན་འཁུར་མི་སྣའི་བཞུཌ་མོལ་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-06-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༡༡ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པའི་འགན་འཁུར་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས།  ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་སྟེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བཟང་ནུས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཏིང་གཡས་ཤན་དང་མོང་ཞའོ་ལིན་རྣམ་གཉིས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་མཉམ་འབྲེལ་དྲ་རྒྱའི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྤེན་པ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པ་ཁག་ཅིག་གི་འགན་འཁུར་མི་སྣས་ངོས་འཛིན་དང་ལས་དོན་གླེང་བ་དང་གྲོས་འགོ་བཏོན་ཏེ།  བབ་ཆགས་པའི་སྐད་ཆའི་ཐོག་ནས་ལས་ཀའི་ཉམས་མྱོང་གླེང་སྟེ་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཆོད་སེམས་མཚོན་པ་བྱས་ཡོད།
ཝུའུ་དབྱིང་ཇེ་ཡིས་ཚང་མའི་གཏམ་བཤད་གསན་རྗེས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  སྨྱན་སྦྱོར་ཚན་པ་དང་རྒྱ་ཆེའི་གསར་འགྱུར་ལས་དོན་པས་བོད་ལྗོངས་དྲིལ་བསྒྲགས་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཝུའུ་དབྱིང་ཇེ་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ནི་ཏང་གི་ལས་དོན་གལ་ཆེན་ཞིག་ཡིན་པས།  སྨྱན་སྦྱོར་ཚན་པ་ཁག་གིས་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་གདེང་ཚོད་བཞི་བརྟན་དུ་བཏང་ཐོག  ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་ཆབ་སྲིད་ཁ་ཕྱོགས་ཨང་དང་པོར་བཞག་སྟེ།  ཏང་གི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་འགོ་བཙུགས་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་མཛད་ཕྱོགས་དམ་འཛིན་བྱེད་པ་དང་།  དོན་དངོས་དང་མཐུན་པ་དང་འཚོ་བ་མཚོན་ཐུབ་པ།  མང་ཚོགས་དང་ཉེ་བ་བཅས་རྒྱུན་འཁྱོངས་བྱས་ནས་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་།  བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་འཚོ་བ་དང་ལག་ལེན་ནང་གཏིང་ཟབ་ཞུགས་ཐོག་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་དང་རིག་གནས་བྱེད་སྒོ་ཁག་སྒྲིག་འཛུགས་ཡག་པོ་བྱས་ནས།  གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་བྱེད་ཤུགས་དང་ཁྲིད་སྟོན་བྱེད་ཤུགས།  ཤུགས་རྐྱེན་ཐེབས་ཤུགས།  ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་མཐོ་རུ་ཏན་ཏིག་བཏང་སྟེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཆེད་དུ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཝུའུ་དབྱིང་ཇེ་ནས་སྨྱན་སྦྱོར་ཚན་པ་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས།  རྩ་དོན།  ལམ་བུ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱེད་དགོས་པ་དང་།  བསམ་བློ་འཛུགས་སྐྱོང་བྱེད་རྒྱུར་སྣང་ཆེན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་དགོངས་པའི་ཐོག་གཅིག་འགྱུར་ཏན་ཏིག་ཡོང་བ་བྱེད་དགོས་པ།  མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་དང་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཏང་གི་རིག་གཞུང་དང་ལམ་ཕྱོགས།  མཛད་ཕྱོགས།  སྲིད་ཇུས་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱེད་དགོས་པ།  མང་ཚོགས་ཉེ་འགྲམ་གྱི་གོང་འཕེལ་དང་འགྱུར་ལྡོག  འཚོ་བ་བཅས་གསར་པར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་བློ་གྲོས་དང་རླབས་ཆེའི་མཛད་རྗེས།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་ཐུགས་ཁུར།  སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་ཐབས་ཇུས་དགོངས་པ་གལ་ཆེན་བོད་དུ་ལག་ལེན་ཐུབ་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱེད་དགོས་པ།  བོད་ལྗོངས་འདི་ཉིད་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ།  བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་གཞུང་ལམ་གཉིས་ཀྱི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་བརྩོན་བྱས་ཐོག  དཔྱོད་ཤེས་ཀྱི་སྒོ་ནས་ཆོས་ལུགས་ལ་ངོས་འཛིན་བྱེད་པ་དང་དཀའ་དཔྱད་འབད་བརྩོན་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཝུའུ་དབྱིང་ཇེ་ནས་སྨྱན་སྦྱོར་ཚན་པ་དང་ལས་ཁུངས་ཁག་གིས་རང་ལྗོངས་ཀྱི་གནས་ཚུལ་ལ་གཞིགས་ནས་གསར་འགྱུར་གཏོང་སྤེལ་བྱེད་སྟངས་གསར་གཏོད་བྱེད་པ་དང་།  ཐོན་ཁུངས་དང་སྟོབས་ཤུགས་ལེགས་སྒྲིག་བྱས་ཐོག  ཕྱོགས་ཡོངས་དང་བང་རིམ་མང་བའི་གཙོ་རྒྱུན་གླེང་ཕྱོགས་ཀྱི་འཐབ་ས་ནས་གསར་འགྱུར་གླེང་ཕྱོགས་ཀྱི་ལས་ཆོད་མཐོ་རུ་གཏོང་དགོས་པ་དང་གནས་ཚུལ་གཏོང་སྤེལ་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ།  གསར་འགྱུར་གླེང་ཕྱོགས་ལས་ཀའི་ཁྱབ་རྒྱ་དང་ཟབ་ཚད་ཆེ་རུ་བཏང་ནས་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཀྱི་ཟིལ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ།  ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་ཀ་དང་དམ་པོར་བསྟུན་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་སྤེལ་གཏོང་བའི་སྟོབས་ཆེའི་མཉམ་ཤུགས་དང་སྒུལ་ཤུགས་སྔར་བས་གཅིག་སྒྲིལ་བྱེད་དགོས་པ།  ལམ་སྲོལ་འཛུགས་པ་དང་སྤེལ་རེས་ཐབས་ལམ་བཤངས་ཏེ་སྨྱན་སྦྱོར་ཚན་པའི་གླེང་ཕྱོགས་ལྟ་སྐུལ་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།
ཝུའུ་དབྱིང་ཇེ་ནས་ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བར་རིམ་ཁག་ཏང་རྩ་འཛུགས་ནས་ཏང་གིས་སྨྱན་སྦྱོར་ཚན་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  འདུ་ཤེས་འཛིན་སྟངས་ལས་ཀའི་འགོ་ཁྲིད་བྱེད་དབང་དང་དོ་དམ་བྱེད་དབང་།  སྐད་ཆ་ཤོད་དབང་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ་དང་།  གསར་འགྱུར་ལས་ཀའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གསར་འགྱུར་སྨྱན་སྦྱོར་ཚན་པ་དང་གསར་འགྱུར་ལས་དོན་པར་ལས་ཀའི་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ།  གསར་འགྱུར་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག  གསར་འགྱུར་གླེང་ཕྱོགས་ལས་ཀའི་དམིགས་སའི་རང་བཞིན་དང་མཉམ་འདྲེས་བྱེད་ནུས།  ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
ཝུའུ་དབྱིང་ཇེ་ནས་རྒྱ་ཆེའི་གསར་འགྱུར་ལས་དོན་པས་མང་ཚོགས་དང་འཚོ་བའི་ཁྲོད་ཟབ་སྐྱོད་བྱེད་པ་དང་བརྩེ་སེམས་དང་ཧུར་སེམས།  འགན་སེམས་བཅས་བཅངས་ཏེ་གསར་འགྱུར་དྲིལ་བསྒྲགས་བྱ་གཞག་ནང་ཧུར་ཐག་ཞུགས་ནས།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]