རང་ལྗོངས་ཀྱིས་སྡེ་གླིང་འཛུགས་སྐྲུན་དང་གོང་འཕེལ་ཐད་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-06-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མཚོ་བོད་བཟོ་ལས་སྡེ་གླིང་གོང་འཕེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་སྐོང་ཚོགས་གནང་ནས་སྡེ་གླིང་ཁུལ་གྱི་ལས་དོན་ཐད་སླར་ཡང་བཀོད་སྒྲིག་གནང་བ་དང་སྦྲགས།  གོང་འཕེལ་གྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་རྒྱུན་འཁྱོངས་བྱེད་པ།  གོང་འཕེལ་གྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས་རྣམ་གྲངས་རེ་རེ་དམ་འཛིན་ངང་བསྒྲུབ་སྟེ་སྡེ་གླིང་འཛུགས་སྐྲུན་གོང་འཕེལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་གསུང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་ཅང་ཅེ་སོགས་ཚོགས་འདུར་ཕེབས་ཡོད།
ཆེ་དགྲ་ལྷས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོས་མཐོང་ཆེན་པོ་དང་ཐུན་མོང་སྐུལ་འདེད་འོག་དང་ཕྱོགས་ཁག་གི་འབད་བརྩོན་འོག  སྡེ་གླིང་གི་ཐོག་མའི་ཕན་འབྲས་ཐོན་པ་དང་ཐོན་ལས་གོང་འཕེལ་གྱི་རྣམ་པ་གསར་པ་རིམ་བཞིན་ཆགས་ཡོད་ཅེས་གསུངས་པ་དང་སྦྲགས  ང་ཚོས་ངེས་པར་དུ་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་།  དུས་རབས་གསར་པའི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ།  བླང་བྱ་གསར་པ་བཅས་ནས་འགོ་བཙུགས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་སྤུས་ཚད་མཐོ་བའི་གོང་འཕེལ་དང་འབྱུང་འཕྲོད་གོང་འཕེལ་དབར་དམ་པོར་བསྟུན་པ།  ངེས་གནས་ལ་བརྟེན་ནས་ལས་དོན་སྒྲུབ་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་པ།  རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་དང་བསྟུན་པ།  གོང་འཕེལ་གཏོང་སྟངས་འགྱུར་རྒྱུ་དང་དཔལ་འབྱོར་གྲུབ་ཆ་ལེགས་བཅོས།  འཕར་སྣོན་སྒུལ་ཤུགས་ལེགས་བཅོས་བཅས་ལ་དེ་བས་མཐོང་ཆེན་བྱེད་པ།  ཕུགས་ལ་དམིགས་པ་དང་གསར་འབྱེད་གསར་གཏོད།  སྙིང་རུས་མཐའ་འཁྱོངས་བཅས་བྱེད་པ།  ས་གནས་སྲིད་གཞུང་གི་བུ་ལོན་ཧུར་ཐག་སེལ་བ་བཅས་བྱས་ནས་རང་ལྗོངས་དཔལ་འབྱོར་གྱི་སྤུས་ཚད་འགྱུར་ལྡོག་དང་ལས་ཆོད་འགྱུར་ལྡོག  འགུལ་ནུས་འགྱུར་ལྡོག་བཅས་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་པ་དང་།  སྲིད་གཞུང་གི་འགན་ནུས་རྒྱུན་མཐུད་འགྱུར་ལྡོག་བཏང་ཐོག་སྒྲིག་གཞིའི་ལམ་སྲོལ་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་བྱེད་པོར་ཚོང་གཉེར་ཁོར་ཡུག་བཟང་དུ་བཏང་ནས།  ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་དེ་བས་ཆེ་བ་ཐོན་པ་བྱེད་དགོས་པ།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ངང་མཚོ་སྔོན་ཞིང་ཆེན་དང་འབྲེལ་མཐུད་མཐུན་སྦྱོར་དང་རྒྱལ་ཁབ་པུའུ་ཨུད་ལ་སྙན་ཞུ་སྦྲེལ་མཐུད་ཡག་པོ་བྱེད་པ་དང་།  རྒྱལ་ནང་གི་ཞིང་ཆེན་སྒྲོལ་བའི་དཔལ་འབྱོར་སྡེ་གླིང་འཛུགས་སྐྲུན་གྱི་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་མིག་དཔེ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་ཆའི་སྲིད་ཇུས།  ནོར་སྲིད་ཁྲལ་འབབ་སོགས་ཐད་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་གཏན་འཁེལ་བྱས་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས་ཐོན་སྐྱེད་བདེ་འཇགས་དང་སྐྱེ་ཁམས་སྲུང་སྐྱོང་།  སྲིད་ཇུས་མཐའ་ཚད་བཅས་བརྟན་པོ་སྲུང་སྟེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་ལེགས་ཆ་གསབ་རེས་དང་གཉིས་ཕན་གཉིས་ཐོབ།  ཐུན་མོང་གོང་འཕེལ་བཅས་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]