བཅོས་སྒྲིག་རྫུན་མ་བྱེད་པའི་རིགས་ཀྱི་འགན་འཁྲི་ངེས་པར་དུ་བདའ་འདེད་ནན་པོ་གཏོང་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-06-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཤིན་ཧྭ་གསར་འགྱུར་ཁང་གིས་བཅོས་སྒྲིག་རྫུན་མ་བྱེད་པའི་རིགས་ཀྱི་འགན་འཁྲི་ངེས་པར་དུ་བདའ་འདེད་ནན་པོ་གཏོང་དགོས་ཞེས་པའི་དུས་དོན་དཔྱད་གླེང་སྤེལ་ཡོད།  རྩོམ་ཡིག་ནང་།  ཉེ་དུས་ཅང་ཤིའི་ཡི་ཁྲུན་སོགས་ས་ཆ་གསུམ་གྱིས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་རྣམ་པ་ཙམ་གྱི་བཅོས་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་ཐད་སྐྱེ་ཁམས་ཁོར་ཡུག་པུས་སྐོང་འདྲི་བྱས་པ་དང་།  ཧུ་ཧེ་ཧོ་སྡེའི་ཁེ་ལས་གཅིག་གིས་ཁོར་ཡུག་སྲུང་སྐྱོང་ཐད་བཅོས་སྒྲིག་རྫུན་མ་བྱས་པས་ཁེ་ལས་དེའི་འགན་འཁྲི་བདའ་འདེད་བཏང་ཡོད།  གྱོད་དཔེ་དེ་རིགས་ཐོག་ནས་ས་གནས་དང་ཚན་པ་ཁག་ཅིག་གིས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་ཁྲོད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་འབོད་ཚིག་ཙམ་དུ་བཞག་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་གནས་ཡོད་པ་མངོན་གྱི་ཡོད་པས།  སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་རྫུན་མ་བྱས་ཏེ།  ཁོར་ཡུག་སྲུང་སྐྱོང་ཐད་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ལ་ཁ་གཏད་གཅོག་ཐབས་བྱེད་པའི་རིགས་ལ་འགན་འཁྲི་བདའ་འདེད་ཐོག་ནས་སྣང་ཚུལ་དེ་རིགས་གཏན་འགོག་བྱེད་དགོས་ཀྱི་ཡོད་ཅེས་བཏོན་ཡོད།
རྩོམ་ཡིག་ནང་སྦགས་བཙོག་འགོག་བཅོས་བྱེད་རྒྱུ་ནི་འགག་སྒྲོལ་དམག་འཐབ་ཆེ་མོ་གསུམ་གྱི་གྲས་ཤིག་ཡིན་པ་དང་།  ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་རྒྱུ་ནི་སྦགས་བཙོག་འགོག་བཅོས་ལས་ཀའི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཡང་།  ས་གནས་ཁག་ཅིག་གིས་བསམ་བློའི་ངོས་འཛིན་གནད་ལ་མི་འཁེལ་བ་དང་དཀའ་ངལ་ལ་ཞུམས་ཏེ་ལྟ་སྐུལ་ཞིབ་བཤེར་ལས་དོན་ཡག་པོ་མ་སྤེལ་བར་ཁྲལ་སེལ་སླ་བཅོས་བྱེད་ཀྱི་ཡོད་པ་དང་།  ཐ་ན་གོང་རིམ་ལ་སྲིད་ཇུས་ཡོད་ན་འོག་ནས་དེ་མཚུངས་ཀྱི་ཁ་གཏད་གཅོག་ཐབས་བྱེད་པ་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད།  བཅོས་སྒྲིག་རྫུན་མ་བྱེད་པ་དང་ཁྲལ་སེལ་སླ་བཅོས་བྱེད་པ་སོགས་ཀྱི་སྣང་ཚུལ་དེ་རིགས་ཀྱིས་ས་གནས་ཁག་ཅིག་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་སྡུག་དང་ཉེན་ཁ་ཚབས་ཆེར་འགྲོ་བཞིན་ཡོད་ཅེས་བཏོན་ཡོད།
རྩོམ་ཡིག་ནང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བཅོས་སྒྲིག་རྫུན་མ་བྱས་པ་དེ་ཁེ་ལས་ཀྱི་ཁེ་སྤོགས་དང་འབྲེལ་བ་ཡོད་ཀྱང་།  མཐར་གཏུགས་ན་ས་གནས་ཁག་ཅིག་གིས་སྔོན་ལ་བཙོག་སྐྱོན་གཏོང་བ་དང་རྗེས་ལ་བཅོས་སྒྲིག་བྱེད་སྟངས་སྔར་བཞིན་ལག་བསྟར་བྱེད་པ་དང་།  དཔལ་འབྱོར་སྟོན་གྲངས་ཁོ་ན་དོན་གཉེར་བྱེད་པ་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆུང་བྱེད་པ།  ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་སྐབས་སྔར་བཞིན་སྲུང་སྐྱོང་རིང་ལུགས་ཀྱི་བསམ་བློ་འཆང་ནས།  ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་མི་བྱེད་པ་བཅས་ལས་བྱུང་བ་ཞིག་རེད་ཅེས་བཏོན་ཡོད།
རྩོམ་ཡིག་ནང་དེང་སྐབས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚན་པས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བཅོས་སྒྲིག་ལས་ཀར་བླང་བྱ་ནན་པོ་འདོན་བཞིན་ཡོད་པས།  ས་གནས་ཁག་གིས་ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བྱ་ཐབས་དངོས་བཟུང་བ་དང་དམ་འཛིན་གནད་འཕིགས་དང་མཐའ་ཁྱོངས་བྱས་ཐོག  གཟེར་འདེབས་སྙིང་སྟོབས་ཐོག་ནས་གནད་དོན་རེ་རེ་བཞིན་དོན་འཁྱོལ་བྱེད་པ་དང་།  བཅོས་སྒྲིག་རྫུན་མ་བྱེད་པའི་རིགས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ།  གནད་དོན་ཐག་གཅོད་ཡག་པོ་མ་བྱུང་བར་དམ་འཛིན་བྱེད་པ་དང་མིག་མཐོང་ལག་འཛིན་གྱི་ཕན་འབྲས་ཐོག་ནས་དམ་བཅའ་མངོན་འགྱུར་བྱེད་པ།  མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པ་མ་ཟད་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་གནད་འཕིགས་དོན་འཁྱོལ་ཡོང་བ་ཡང་བྱེད་དགོས་པའི་མཛུབ་བཏོན་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]