ཏིང་གཡས་ཤན་གྱིས་ལྷ་སར་ཁོར་ཡུག་སྲུང་སྐྱོང་གནད་དོན་བཅོས་སྒྲིག་ལས་ཀར་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ལྷ་ས་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས།  ལྷ་ས་གྲོང་ཁྱེར་དུ་ཁོར་ཡུག་སྲུང་སྐྱོང་གནད་དོན་བཅོས་སྒྲིག་བྱེད་པའི་གནས་ཚུལ་ལ་བརྟག་ཞིབ་ལྟ་སྐུལ་གནང་བ་མ་ཟད།  ལྷ་ས་གྲོང་ཁྱེར་གྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ཚུར་ལན་གནད་དོན་དང་རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁྲོད་ཐོན་པའི་གནད་དོན་བཅོས་སྒྲིག་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཏིང་གཡས་ཤན་དང་བཅས་པས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ཚུར་ལན་གནད་དོན་དང་།  རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ཐད།  ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སི་སོགས་གཙོ་གནད་ཚན་པར་ལྟ་ཞིབ་ནན་པོ་གནང་བ་མ་ཟད།  ལྷ་ས་གྲོང་ཁྱེར་དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འཛུགས་སྐྲུན་གནས་ཚུལ་ཐད་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་རེད།

ཏིང་གཡས་ཤན་ནས་ལྷ་ས་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ངེས་ཚུགས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས།  ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།  མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས།  རིམ་པ་བཞིན་འགན་འཁྲི་ནན་པོ་དཀྲི་བ་དང་ལས་དོན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པ།  ཕུགས་ཕན་ལམ་སྲོལ་འཛུགས་པ།  བཅོས་སྒྲིག་ལས་དོན་ཁག་དོན་འཁྱོལ་གཏིང་ཟབ་བྱེད་པ།  མཉམ་འཛིན་མཉམ་འདོམས་བྱས་ནས་མཉམ་ཤུགས་ཆགས་པ་བྱེད་པ།  ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས།  སྤྱོད་ཚུལ་ལེགས་ཤོས་བཅས་ཀྱི་སྒོ་ནས་ཚུར་ལན་གནད་དོན་བཅོས་སྒྲིག་ལས་དོན་དམ་འཛིན་ཡག་པོ་བཅས་བྱས་ནས།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བཙུགས་ཏེ།  བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]