ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ད་ལོའི་ཚོགས་འདུ་ཐེངས་གསུམ་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་སྤྱི་ལོ ༢༠༡༨ ལོའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་གནང་བ་དང་།  ཚོགས་འདུའི་ཐོག་ཉེ་དུས་ཏང་ནང་ཞུགས་པའི་གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་མཁས་པ་ཉེའུ་པེན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བསྲིངས་པའི་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་།  སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོང་བསམ་འཆར་ཐད་ཞིབ་འཇུག་བྱས་པ་རེད།

ཏིང་གཡས་ཤན་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཉིའུ་པེན་ལ་འཕྲིན་ཡིག་སྤྲིངས་གནང་བ་དེ་ཐོག་ནས།  ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ་དང་།  ཏང་གི་འོད་སྟོང་འཕྲོ་བའི་བྱ་གཞག་ཐུན་མོང་ཐོག་གཏོད་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་བ་མཚོན་གྱི་ཡོད།  དེས་གུང་ཁྲན་ཏང་ཡོན་ལ་དུས་རབས་གསར་པར་འགན་འཁྲི་ཁུར་ཕོད་པ་དང་འབད་འབུངས་ཡར་བརྩོན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་ལ་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་གལ་ཆེན་ཡང་བྱས་ཡོད།  རིམ་ཁག་སྲིད་གྲོས་ཀྱི་ཏང་རྩ་འཛུགས་ཀྱིས་འཕྲིན་ཡིག་གི་དགོངས་དོན་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་གོ་བ་བླངས་ཏེ་འཕྲིན་ཡིག་གི་དགོངས་དོན་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ནང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།  ཏང་རྩ་འཛུགས་ལ་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་དགོས་པ།  ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས་པ།  ཏང་ཡོན་ལ་དད་སེམས་ལྡན་པ་དང་།  བརྩེ་སེམས་ལྡན་པ།  འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་གུང་ཁྲན་ཏང་ཡོན་ཞིག་ཧུར་ཐག་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]