ཏིང་གཡས་ཤན་ནས་ཞི་ཅིན་ཕིང་གིས་བློ་མཐུན་ཉིའུ་པུན་ལ་བཏང་བའི་འཕྲིན་ཡིག་དགོངས་དོན་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༩ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཉིའུ་པུན་ལ་སྤྲིངས་པའི་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་བཞུགས་མོལ་ཚོགས་འདུའི་ཐོག  སྤྲིངས་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་དད་སེམས་དང་བརྩེ་སེམས།  འགན་སེམས་བཅས་དང་ལྡན་པའི་ཤེས་ཡོན་ཅན་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།  
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བས་གཏམ་བཤད་གནང་བ་རེད།  ལྗོངས་ཡོངས་ཀྱི་རིག་རྩལ་རིག་གནས་དང་ཞིང་འབྲོག་ཚན་རྩལ།  མཐོ་རིམ་སློབ་གསོ།  བོད་ལུགས་གསོ་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་ནས་ཕེབས་པའི་རྐང་འཛིན་པ་དང་རིགས་གཅིག་མཁས་ཅན་ཚོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཉིའུ་པུན་ལ་སྤྲིངས་པའི་འཕྲིན་ཡིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུ་ཐེངས ༦༥ ཐོག་གནང་བའི་གལ་ཆེའི་བཀའ་སློབ་ཐད་ཆེད་དོན་གྲོས་བསྡུར་གནང་བ་རེད།    
ཏིང་གཡས་ཤན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཉིའུ་པུན་ལ་སྤྲིངས་པའི་འཕྲིན་ཡིག་གི་དགོངས་པ་གཏིང་ཟབ་དང་ནང་དོན་ཕུན་སུམ་ཚོགས་པ།  མི་སེམས་འགུལ་བ་བཅས་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅིས་རིག་རྩལ་ལས་དོན་པ་དང་རྒྱ་ཆེའི་ཤེས་ཡོན་ཅན།  ལས་རིགས་ཁག་གི་ཤེས་ལྡན་པ་བཅས་ལ་མཐོང་ཆེན་པོ་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད་པས།  ཚང་མས་ངེས་པར་དུ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློ་དང་ཆབ་སྲིད།  རྩ་འཛུགས།  སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།  ཏཱ་ལའི་རུ་ཚོགས་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་ཆོས་ལུགས་ཐོག་གི་གཡོ་ཟོལ་རང་བཞིན།  བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།  
ཏིང་གཡས་ཤན་ནས་རང་ལྗོངས་ཀྱི་རྒྱ་ཆེའི་ཤེས་ཡོན་ཅན་ཚོས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུ་དང་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ།  སེམས་ཐག་གཙང་བཅད་ཀྱིས་ནམ་ཡང་ཏང་གི་རྗེས་སུ་འབྲངས་རྒྱུ།  རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་རྒྱུ་བཅས་ལ་གཡོ་འགུལ་མི་གཏོང་བར་དད་སེམས་ཡོད་པའི་ཤེས་ཡོན་ཅན་ཞིག་བྱེད་དགོས་པ་དང་།  མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ན
ས་རྒྱལ་ཁབ་ཁྱིམ་ཚང་ཆེ་མོའི་བརྩེ་སེམས་དང་དམངས་ཀྱི་ཆེད་དུ་བབ་ཆགས་ཟོལ་མེད་ཀྱི་བརྩེ་སེམས་ཟབ་མོ་འཆང་མཁན་གྱི་ཤེས་ཡོན་ཅན་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]