ལྗོངས་སྲིད་གྲོས་ཀྱིས་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་ལྷ་སར་འཚོགས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༡༠ ཉིན།  བོད་ལྗོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་ལྷ་སར་འཚོགས་པ་རེད།  རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ། ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཕན་ལིད་ཀང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཀྱང་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བསྟན་ཁོ་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་སོགས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཕན་ལིད་ཀང་ནས་གསུང་བཤད་གནང་སྐབས་བོད་ལྗོངས་སྲིད་གྲོས་ཀྱི་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་།  ཞིབ་བསྡུར་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུའི་ཐད་ཐུགས་རེ་དང་བླང་བྱ་བཏོན་གནང་བ་དང་སྦྲགས།  སློབ་སྦྱོང་ཞིབ་བསྡུར་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་སློབ་སྦྱོང་ཞིབ་བསྡུར་གྱི་གྲུབ་འབྲས་ལེགས་སྒྲིག་ཕྱོགས་བསྡོམས་བྱེད་པ།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྒྲིག་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཐོག  སྤྱི་ཁྱབ་ཧྲུའུ་ཅིའི་ཤུགས་སྣོན་དང་ལེགས་བཅོས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས།  དུས་རབས་གསར་པའི་སྲིད་གྲོས་ལས་དོན་རྒྱུན་ཆད་མེད་པར་སྤུས་འབྲས་ལེགས་གཏོང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཏིང་གཡས་ཤན་ནས།  མི་དམངས་སྲིད་གྲོས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད།  དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་ཀའི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་གཏོང་བ་དང་།  ཏང་གི་སྲིད་གྲོས་ལས་ཀའི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས།  དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་ཀའི་གྲུབ་འབྲས་གསར་པ་སླར་ཡང་གཏོད་དགོས་པའི་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཞིང་ཆེན་རིམ་པའི་དབུ་ཁྲིད་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་ས་ལུང་ཕུན་ལགས།  བསོད་ནམས་རིག་འཛིན།  ང་ཕོད་འཇིགས་ཡོན་སོགས་ཚོགས་འདུར་ཕེབས་པ་མ་ཟད་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]