ཀྲོན་ཡན་གྱིས་བོད་སྡོད་དཔུང་སྡེའི་རིན་ཡོད་ཞབས་ཞུ་མཚམས་འཇོག་ལས་ཀར་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། བོད་སྡོད་དཔུང་སྡེའི་རིན་ཡོད་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་ཙུང་ཀྲང་གཞོན་པ་ཀྲོན་ཡན་གྱིས།  ལྷ་ས་གྲོང་ཁྱེར་དུ་བོད་སྡོད་དཔུང་སྡེའི་རིན་ཡོད་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་ཀར་བརྟག་ཞིབ་གནང་བ་མ་ཟད།  བོད་སྡོད་དཔུང་སྡེའི་རིན་ཡོད་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་སོགས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད། 
ཀྲོང་ཡན་དང་བཅས་པས་སྔ་རྗེས་སུ་པེ་ཅིང་དཀྱིལ་ལམ་སོགས་སུ་རིན་ཡོད་ཞབས་ཞུའི་རྣམ་གྲངས་མཚམས་འཇོག་བྱེད་ཚུལ་ལ་ཞིབ་བཤེར་གནང་བ་དང་།  བོད་སྡོད་དཔུང་སྡེའི་རིན་ཡོད་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ས་གནས་དང་དམག་དཔུང་གི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དུ་ཕེབས་ནས་སྙན་ཞུ་གསན་པ་དང་དཔྱད་གཞི་གཟིགས་པ།  ས་གནས་ས་ཐོག་ཏུ་གཟིགས་སྐོར་སོགས་གནང་སྟེ།  རིན་ཡོད་ཞབས་ཞུའི་རྣམ་གྲངས་མཚམས་འཇོག་གི་རྗེས་མཐུད་ལས་ཀའི་གཞི་རྩའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཐུན་མོང་ཐོག་བྱ་ཐབས་ལ་ཞིབ་འཇུག་གནང་བ་རེད། 
ཀྲོང་ཡན་གྱིས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་རྗེས་གདེང་འཇོག་གང་ལེགས་གནང་བ་དང་སྦྲགས།  དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་མཛུབ་ཁྲིད་བྱས་ཏེ།  ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་འདུ་ཤེས་བཞི་ཟབ་ཏུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག  ལས་ཀར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་པ།  དཀའ་གནད་འགག་སྒྲོལ་བྱེད་པ་བཅས་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་།  དེ་བཞིན་ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ང་ཚོར་དཀྲིས་པའི་གཟི་བརྗིད་ལྡན་པའི་ལས་འགན་སྤུས་ཚད་ལེགས་པོ་དང་ལས་ཆོད་མཐོ་པོས་ལེགས་སྒྲུབ་བྱེད་དགོས་པའི་ནན་གསུང་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]