ཆེ་དགྲ་ལྷས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་མང་དུ་གཏོང་རྒྱུའི་ཐད་ཞིབ་འཇུག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་བསྐོང་ཚོགས་གནང་སྟེ།  རང་ལྗོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་མང་དུ་གཏོང་རྒྱུའི་ལས་དོན་ཐད་ཞིབ་འཇུག་བྱས་པ་རེད།  ཆེ་དགྲ་ལྷ་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་གཞིགས་ཏེ་སྲིད་གཞུང་གི་ལས་དོན་སྙན་ཞུར་ཚད་བསྡུར་ནན་པོ་བྱས་ནས་བྱ་ཐབས་བཟོ་བ་དང་རིམ་པ་བཞིན་འགན་འཁྲི་དཀྲིས་ཏེ།  རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན་རྒྱུན་བསྲིང་བརྟན་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷ་ནས།  ད་ལོའི་ལོ་འགོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་བརྒྱ་ཆ་བཅུ་ཡན་འཕར་བ་བྱ་རྒྱུའི་དམིགས་ཚད་བཏོན་པ་དེ་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་དམངས་ལ་བཞག་པའི་ཁས་ལེན་ཞིག་ཡིན་པ་མ་ཟད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས་ངེས་པར་དུ་ཇི་མ་ཇི་བཞིན་དུ་ལེགས་སྒྲུབ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

ཆེ་དགྲ་ལྷ་ནས།  རིམ་ཁག་ཚན་པ་ཁག་གིས་བསམ་བློ་གཅིག་འགྱུར་བྱས་ནས་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས།  འགོ་འཛུགས་ས།  དོན་ལ་བབ་སར་སེམས་ནུས་གཅིག་སྒྲིལ་བྱས་ཏེ།  གོང་འཕེལ་གསར་པའི་འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་དང་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་ལག་བསྟར་ནུས་ལྡན་བྱེད་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ།  ཁྱོན་ཡོངས་ནས་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་།  ད་ལོའི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་སྔ་སྣུར་དུ་འཆར་འགོད་དང་ཐབས་མང་མཉམ་བཟུང་བྱས་ནས།  རྒྱུན་ཆད་མེད་པར་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།  མཉམ་སྦྲེལ་དྲ་རྒྱ་དང་འབྲེལ་བའི་སྲིད་གཞུང་གི་ཞབས་ཞུ་འཛུགས་སྐྱོང་ལ་སྐུལ་སྤེལ་གང་མགྱོགས་གཏོང་བ།  ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ།  ཐོན་ལས་ཆེ་གྲས་བདུན་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ།  དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས།  རང་ལྗོངས་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་རྒྱུན་བསྲིང་བརྟན་པོ་ཡོང་རྒྱུ་འགན་སྲུང་བྱས་ཏེ།  རྒྱུན་ཆད་མེད་པར་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་དང་འདོད་བློ་ཁེངས་ཚད་མཐོ་རུ་བཏང་སྟེ།  བྱ་སྤྱོད་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་འཁུར་ལ་དྲིན་ལན་འཇལ་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]