སྤེན་པ་བཀྲ་ཤིས་ཀྱིས་ཁོང་ཡོད་སའི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ནས་སློབ་སྦྱོང་དང་མྱོང་ཚོར་སྤེལ་རེས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཁོང་ཡོད་སའི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ནས།  ཚང་མ་དང་མཉམ་དུ་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བའི་སྐོར་སློབ་སྦྱོང་གནང་བ་མ་ཟད་མྱོང་ཚོར་སྤེལ་རེས་ཀྱང་གནང་བ་རེད། 
སྤེན་པ་བཀྲ་ཤིས་ནས་ང་ཚོས་ཏང་ཡོན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་དུས་རྟག་ཏུ་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་དྲན་སྐུལ་བྱེད་པ་དང་།  གུང་ཁྲན་ཏང་ཡོན་གྱི་དམིགས་ཡུལ་ལག་ལེན་བསྟར་དགོས་པ།  རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ།  རང་འཁྲིའི་ལས་གནས་ཐོག་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་ལྟེ་བར་དམིགས་པ་དང་།  སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]