བོད་དུ་བཞུཌ་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁག་ཅིག་གིས་ཉིང་ཁྲིར་མི་རིཌ་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལས་ཀར་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིག་གིས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སུ་ཕེབས་ནས།  མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་ཚུལ་ཐད་རྟོག་ཞིབ་གནང་བ་རེད།

རྟོག་ཞིབ་ཚོགས་པ་ཉིང་ཁྲིར་བཞུགས་རིང་སྔ་རྗེས་སུ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་ཡིན་པའི་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་གི་ཐའེ་ཀྲའོ་གྲོང་ཚོའི་ཐའེ་ཀྲའོ་གནའ་གྲོང་དང་།  རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་དཔེ་བཟང་མཉམ་སྡེབ་ཡིན་པའི་ཨ་སྐྱིད་གླིང་ཞིང་འབྲོག་པའི་མཉམ་ལས་ཁང་།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཚན་པ་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་སུ་རྟོག་ཞིབ་གནང་བ་དང་།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་༼ ཆུས ༽ཡིན་པའི་བྲག་ཡིབ་ཆུས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ཀྱི་གནས་ཚུལ་ཐད་ཤེས་རྟོགས་གནང་བ་མ་ཟད།  བྲག་ཡིབ་ཆུས་ཀྱི་སྤྱི་ཚོགས་ཕན་བདེ་ཁང་དུ་གཅིག་བསྡུས་འཚོ་སྐྱོང་བྱེད་པའི་རྒན་རྒོན་ཚོར་འཚམ་འདྲི་གནང་བ་རེད།

རྟོག་ཞིབ་ཚོགས་པ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་སྤེལ་ནས།  མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་།  གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཐད་ཤུགས་སྣོན་བརྒྱབ་སྟེ།  མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས་པ།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས།  མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་བྱེད་པའི་ལམ་ལུགས་ཀྱི་འདེགས་སྐྱོར་བརྟན་དུ་གཏོང་དགོས་པ།  གྲངས་ཉུང་མི་རིགས་རིག་གནས་རྒྱུན་འཛིན་དང་གོང་འཕེལ་ལ་རྒྱབ་སྐྱོར་བྱས་ནས།  མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་བྱེད་པའི་སྙིང་སྟོབས་གཅིག་སྒྲིལ་བྱེད་པ།  མི་རིགས་ལས་བྱེད་པ་གསོ་སྐྱོང་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་བྱེད་པའི་རྩ་འཛུགས་ཀྱི་འགན་སྲུང་ཡོད་པ་བྱེད་པ།  མི་རིགས་མཐུན་སྒྲིལ་ལ་གཏོར་བཤིགས་དང་མི་རིགས་འབྲེལ་བར་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་དོགས་ཟོན་བྱེད་པ་དང་རྡུང་རྡེག་གཏོང་བ།  གཅུན་སྡོམ་བྱེད་པ་བཅས་ཀྱི་ཐོག་ནས།  མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་བྱེད་པའི་བདེ་འཇགས་ཀྱི་འགན་སྲུང་མ་ལག་བསྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]