བློ་བཟང་རྒྱལ་མཚན་གྱིས་གནམ་གླིང་རྫོང་དུ་དབུལ་གྲོལ་འགག་སྒྲོལ་ལས་ཀར་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བློ་བཟང་རྒྱལ་མཚན་གྱིས་གནམ་གླིང་རྫོང་དུ་བརྟག་ཞིབ་གནང་སྐབས་ངེས་པར་དུ་དབུལ་གྲོལ་འགག་སྒྲོལ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཞིག་ལ་བརྩི་བ་དང་།  གནས་བབ་ཨང་དང་པོར་བཞག་ནས་ཆབ་སྲིད་ཀྱི་འགན་སེམས་ཆེན་པོ་དང་དུས་ཚོད་ནས་མི་མི་སྒུག་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པའི་ཐོག་ནས་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་སྟེ།  དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཉེ་དུས།  བློ་བཟང་རྒྱལ་མཚན་དང་བཅས་པས་ཚོགས་ཆུང་གསུམ་ལ་དབྱེ་ནས་གཞི་རིམ་དུ་ཟབ་སྐྱོད་བྱས་ཏེ།  གནམ་གླིང་རྫོང་གི་ཤང་གྲོང་རྡལ་དགུར་གཟིགས་ཞིབ་གནང་བ་དང་གནམ་གླིང་རྫོང་གི་དབུལ་གྲོལ་འགག་སྒྲོལ་ཞན་ཆའི་ལྷུ་ཚིགས།  མངོན་གསལ་དོད་པའི་གནད་དོན་ཐད་མངོན་ཞིབ་ལྐོག་བཤེར་དང་བརྟག་ཞིབ་གཏིང་ཟབ་གནང་བ་རེད།  བརྟག་ཞིབ་གནང་སྐབས་བློ་བཟང་རྒྱལ་མཚན་ནས་གནམ་གླིང་རྫོང་གི་དབུལ་གྲོལ་འགག་སྒྲོལ་ལ་ཐོབ་པའི་འཕེལ་རིམ་གསར་པར་འདེང་འཇོག་གང་ལེགས་གནང་བ་དང་སྦྲགས།  གནམ་གླིང་རྫོང་ནི་ལྗོངས་ཡོངས་ཀྱི་མི་འབོར་མང་བའི་རྫོང་ཞིག་ཡིན་པ་དང་དབུལ་ཕོངས་ཁྱབ་རྒྱ་ཆེ་ལ་དབུལ་ཕོངས་ཆགས་ཚད་གཏིང་ཟབ་ཅིང་དབུལ་སྒྲོལ་དཀའ་ཚེགས་ཆེ་བས།  ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ཁྲོད་དཀའ་གནད་ཆེ་ཤོས་ཀྱི་གྲས་ཤིག་རེད།  རྫོང་དེ་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རིམ་ཁག་ལས་བྱེད་པས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས།  དབུལ་གྲོལ་འགག་སྒྲོལ་བྱེད་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་པ་དང་ལྟེ་བའི་ལས་ཀར་རྩིས་ནས་གྲོང་ཚོ་དང་དུད་ཚང་།  མི་སྣ་བཅས་ལ་གནད་འཕིགས་ཐུབ་པ་དང་སྲིད་ཇུས་ལག་བསྟར་གནད་འཕིགས་ཐུབ་པ་བྱས་ཏེ།  ཕྱོགས་ཡོངས་ནས་དབུལ་ཕོངས་དུད་ཚང་དབུལ་སྒྲོལ་ཡོང་བ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

བློ་བཟང་རྒྱལ་མཚན་གྱིས་དབུལ་སྐྱོར་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་དང་འདེང་ངེས་བྱེད་རྒྱུའི་ཐད་ཤུགས་སྣོན།  གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་ཤུགས་སྣོན།  ཡུལ་བབ་དང་བསྟུན་ནས་ཁྱད་འཕགས་ཐོན་ལས་གོང་འཕེལ་ཡག་པོ་གཏོང་རྒྱུའི་ཐད་ཤུགས་སྣོན་བཅས་རྒྱག་དགོས་པ་དང་།  ཚད་གཞི་མཐོ་ཤོས་ཐོག་ནས་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཐེ་ཞུགས་བྱེད་དུ་བཅུག་ནས།  ཕ་ཡུལ་དང་རང་ཡུལ་ནས་ཁ་མི་བྲལ་བ་ཐག་ཉེ་ས་ནས་འབབ་འཕར་ཡོང་བ་བྱེད་དགོས་པ།  ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ།  མཉམ་སྡེབ་དཔལ་འབྱོར་དང་ཆེད་ལས་མཉམ་ལས་རྩ་འཛུགས་གོང་འཕེལ་ཤུགས་ཆེ་གཏོང་བ།  ཞིང་འབྲོག་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭ་གཉེར་བ་སོགས་བརྒྱུད་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཁྲིད་ཕྱོགས་བཙུགས་པ།  ལུགས་རྙིང་སྲོལ་ངན་རྒྱུན་ཆད་མེད་པར་བསྒྱུར་བཅོས་བཏང་ནས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པ་བྱས་ཏེ།  མང་ཚོགས་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དུ་འཇུག་དགོས་པ།  སློབ་གསོ་དང་འཕྲོད་བསྟེན།  ལས་ཞུགས།  འཐུང་ཆུ་སོགས་མང་ཚོགས་ཚོས་སེམས་ཁུར་ཆེ་ཤོས་དང་ཐད་ཀར་ཚ་ཤོས།  དོན་དངོས་ཚ་ཤོས་བཅས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]