རང་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་འཆར་འགོད་ལག་བསྟར་གྱི་དུས་དཀྱིལ་དཔྱད་དཔོག་གང་ལེཌ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་གནང་སྟེ།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་དུས་མཚམས་དཀྱིལ་མའི་དཔྱད་དཔོག་སྙན་ཞུར་གྲོས་ཞིབ་གནང་བ་རེད།

ཀྲོང་ཡན་ནས་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་རྩ་གནད་ལག་བསྟར་དུས་འབྲིང་གི་དཔྱད་དཔོགས་སྙན་ཞུའི་ནང་།  གྲུབ་འབྲས་ཕྱོགས་བསྡོམས་ཆ་ཚང་བ་དང་གནད་དོན་དབྱེ་ཞིབ་གནད་ལ་འཕིགས་པ།  དུས་བབ་དབྱེ་ཞིབ་གཏིང་ཟབ་པ།  བཏོན་པའི་གྲོས་འགོ་གནད་ལ་འཕིགས་པ་བཅས་ཡིན་ཞིང་མཛུབ་ཁྲིད་རང་བཞིན་དང་དམིགས་སའི་རང་བཞིན།  བཀོལ་སྤྱོད་རང་བཞིན་བཅས་ཅུང་ཆེ་བས་སྤུས་ཚད་ལེགས་པའི་དཔྱད་དཔོགས་སྙན་ཞུ་ཞིག་རེད།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་དུས་འབྲིང་གི་དཔྱད་དཔོགས་ལས་དོན་ལ་མཐོང་ཆེན་བྱས་ཏེ།  གནད་དོན་གྱི་ཆད་སྐྱོན་དང་དམིགས་ཚད་ལས་འགན་ལ་བསྟུན་ཏེ་སེམས་ནུས་གཅིག་སྒྲིལ་ངང་ལས་དོན་དེ་ཏན་ཏིག་དང་ཞིབ་ཕྲ་སྤེལ་དགོས་པའི་མཛུབ་སྟོན་གནང་བ་རེད།

ཀྲོང་ཡན་ནས་རིམ་ཁག་ཚན་པ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་ཁོགས་དཔལ་འབྱོར་གྱི་དུས་བབ་འགྱུར་ལྡོག་དང་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ཏེ།  ལྟེ་བར་བསྟུན་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་དོན་ཆེན་གསུམ་དང་དམ་པོར་བསྟུན་པ་དང་།  འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་རྒྱུར་དམིགས་ནས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞེས་པ་བརྗོད་དོན་གཙོ་བོར་འཛིན་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་།  དམངས་འཚོ་ལེགས་བཅོས་དང་ཆད་སྐྱོན་གསབ་པའི་གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས།  ཁྱད་ལྡན་ཁྱད་འཕགས་ཐོན་ལས་གོང་འཕེལ།  སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་གཏོང་།  སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གཙོ་ཆེའི་ལས་འགན་ཡག་པོ་སྒྲུབ་སྟེ།  ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་ལག་བསྟར་གྱི་དཔྱད་དཔོགས་ལས་དོན་ཡག་པོ་སྤེལ་བའི་རྨང་གཞིའི་ཐོག  དངོས་ཐོག་བདེན་འཚོལ་ངང་ནས་འཆར་འགོད་ལེགས་སྒྲིག་གི་གྲོས་འགོ་ཡག་པོ་འདོན་དགོས་པ་དང་ཆབས་ཅིག  རྒྱལ་ཁབ་ནས་གཤམ་སྤྲོད་བྱས་པའི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་དམིགས་ཚད་ཐད་ལས་ཀའི་ཤུགས་ཚད་ཆེ་རུ་གཏོང་བ་དང་ལག་བསྟར་འཕེལ་རིམ་མགྱོགས་སུ་བཏང་སྟེ།  ངེས་པར་དུ་འཆར་འགོད་དམིགས་ཚད་དུས་བཀག་ལྟར་ལེགས་སྒྲུབ་ཡོང་བ་དང་།  རང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་སྔོན་དཔག་དམིགས་ཚད་ཐད་ལས་ཀའི་བསམ་གཞི་གསར་པ་གཏོད་པ་དང་ལས་ཀའི་བྱ་ཐབས་ནན་ཏུ་གཏོང་བ།  ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་ལྔ་ཚན་བཅུ་གསུམ་པའི་དུས་མཇུག་ཏུ་ཚང་མ་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པའི་ནན་གསུང་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]