དམངས་གཉེར་ཁེ་ལས་ཀྱི་བཞུཌ་མོལ་ཚོཌ་འདུའི་ཐོག་ཞི་ཅིན་ཕིང་ནས་གནང་བའི་གསུང་བཤད་ལ་བོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།  རང་ལྗོངས་ཀྱི་ཁེ་ལས་མཁས་ཅན་ཁག་ཅིག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེ་ནི་མི་སེམས་ལ་ཟུག་ཅིང་སྐུལ་ལྕག་ཐེབས་པ་ཞིག་ཡིན་པས།  དམངས་གཉེར་ཁེ་ལས་མཁས་ཅན་གྱི་གསར་གཏོད་གོང་འཕེལ་གྱི་ཆོད་སེམས་བརྟན་རུ་ཕྱིན་ནས་ཚང་མར་དམངས་གཉེར་དཔལ་འབྱོར་གོང་འཕེལ་ཆེན་པོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་ཧུར་སེམས་འཕེལ་ཡོད།

བོད་ལྗོངས་ཟླ་ཧྲེ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་དབུ་འཛིན་ཟླ་བ་དོན་གྲུབ་ནས།  ལོ་ངོ་ ༤༠ ཡི་ཚུན་དུ་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་དེ་རང་རྒྱལ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཟིན་ཡོད།  བོད་ཀྱི་དམངས་གཉེར་ཁེ་ལས་ཤིག་གི་ངོས་ནས་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་ཞུས་ཏེ།  མི་རིགས་ཀྱི་ཁེ་ལས་དར་རྒྱས་ཡོང་རྒྱུ་དང་འཛམ་གླིང་གི་སྤུས་རྟགས་གཏོད་རྒྱུར་འབད་བརྩོན་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས།

བོད་ལྗོངས་ཀྲུང་ཅིན་ཁེ་ལས་ཀྱི་དབུ་འཛིན་ཚའེ་དབན་ཧྲན་ནས།  གོམ་སྟབས་རྗེས་མར་ང་ཚོས་དཀའ་སྤྱད་འབད་བརྩོན་དང་།  བསམ་ཕོད་པ་དང་བྱེད་ཕོད་པ།  ཐོན་ལས་ལ་དམིགས་པ།  སྤུས་རྟགས་གཏོད་པ་བཅས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་ཆོད་སེམས་བརྟན་པོས་ཁེ་ལས་ཡག་པོ་གཉེར་ནས།  བོད་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་ཐད་ལེགས་སྐྱེས་ཕུལ་ཏེ།  སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས།

ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཞའོ་པིང་ནས།  དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།  དམངས་གཉེར་ཁེ་ལས་མཁས་ཅན་གྱིས་བློ་གཅིག་སེམས་གཅིག་ངང་གོང་འཕེལ་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ།  ཏན་ཏན་ཏིག་ཏིག་ངང་ཁེ་ལས་ཡག་པོ་གཉེར་དགོས་ཀྱི་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]