ལྗོངས་མི་དམངས་འཐུས་ཚོཌ་སྐབས༡༡པའི་རྒྱུན་ཨུད་ལྷན་ཁང་གིས་ཀྲུའུ་རེན་ཚོཌ་འདུ་ཐེངས༡༧པ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས ༡༧ པ་འཚོགས་གནང་ནས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་ཞིབ་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་རྒྱ་སྒྱེད་བསྒྱུར་བཅོས་ལས་ཀའི་ཐོག་འཇོག་རྒྱུའི་ཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་གཞིའི་འཆར་ཟིན་ལ་ཞིབ་འཇུག་གནང་བ་མ་ཟད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཚོགས་འདུའི་གྲ་སྒྲིག་ལས་ཀར་ཞིབ་འཇུག་གནང་བ་རེད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་བསྟན་འཛིན་རྣམ་རྒྱལ།  ཞུད་ཞུའེ་ཀོང་།  ལིའི་ཝན་ཧན་སོགས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་ཞིབ་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་རྒྱ་སྒྱེད་བསྒྱུར་བཅོས་ཐད་འཇོག་རྒྱུའི་སྤྱིའི་བླང་བྱ་དང་གཙོ་བོའི་ནང་དོན།  འགྲོ་ལུགས་ཐབས་ཤེས་བཅས་ཁོང་དུ་ཆུད་པ་བྱེད་པ་དང་།  རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  ལག་བསྟར་བསམ་འཆར་ཞིབ་འཇུག་གཏན་འཁེལ་བྱེད་པ་དང་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་ལས་སྟེགས་གང་མགྱོགས་བསྐྲུན་ཏེ།  རང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་ཞིབ་ལས་ཀ་ཚན་རིག་ཅན་དང་ལམ་ལུགས་ཅན།  ཚད་ལྡན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་ཀའི་ཚོགས་འདུ་དང་ས་གནས་ཁྲིམས་འཛུགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་པོ་བྱེད་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་གཞིར་ཞིབ་འཇུག་གཏན་འཁེལ་བྱས་ནས།  རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་དགོས་མཁོ་སོགས་ཁོང་དུ་ཡང་དག་ཆུད་པ།  འབོར་གྲངས་དང་སྤུས་ཚད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ།  ཁྲིམས་འཛུགས་རྣམ་གྲངས་ཡག་པོ་འདེམས་པ།  ནུས་པས་ལྕོག་ཚོད་དང་གང་ཐུབ་ཅི་ཐུབ་བཅས་ཀྱི་སྒོ་ནས་འཆར་འགོད་ཀྱི་ཆ་ཚང་རང་བཞིན་དང་བརྒྱུད་རིམ་རང་བཞིན།  མཐུན་སྦྱོར་རང་བཞིན།  མིག་རྒྱང་རང་བཞིན།  མཛུབ་ཁྲིད་རང་བཞིན་བཅས་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་འགོ་ཁྲིད་ལ་ཤུགས་སྣོན་དང་སྔོན་ཚུད་ནས་འཆར་འགོད།  སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་།  ལས་འགན་ཞིབ་བགོས་བྱས་ནས་ལས་ཀའི་གཙོ་གནད་དང་འཆར་གཞིར་དམིགས་ཏེ་ལོ་འཁོར་མོའི་ལས་འགན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]