ཆེ་དགྲ་ལྷས་ནུས་ཤུཌ་ཡོད་རྒུས་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ལེན་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་འཚོགས་གནང་ནས།  ཐོན་ལས་གོང་འཕེལ་མཐོར་གཏོང་ལས་ཀར་བཀོད་སྒྲིག་གནང་སྐབས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་གནད་འཕིགས་ཡོང་བ་བྱེད་པའི་ཐད་མུ་མཐུད་ཤུགས་རྒྱག་པ།  ཕར་ཆིན་རྒྱག་པའི་སྙིང་སྟོབས་འདོན་སྤེལ་བྱེད་པ།  ཐོན་ལས་དབུལ་སྐྱོར་ཐད་ཤུགས་རྒྱག་པ་བཅས་བྱས་ནས་དུས་བཀག་ལྟར་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས་པའི་ནན་གསུང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་ཅིས་གོ་ཀང་།  འཇམ་དཔལ་བཅས་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷ་ནས་རིམ་ཁག་ཚན་པ་ཁག་གིས་དབུལ་གྲོལ་འགག་སྒྲོལ་ཐད་ཆེད་དོན་སྐོར་ཞིབ་ཚོགས་ཆུང་ནས་བཏོན་པའི་གནད་དོན་ལ་མི་གཡོལ་བར་ཞིབ་ཐོ་བཟོ་བ་དང་དོན་འཁྱོལ་བྱེད་པ།  འཕྲལ་དུ་ལག་བསྟར་དང་བསྒྱུར་བཅོས་བྱེད་པ་བཅས་བྱས་ཏེ་གནད་དོན་ཚང་མར་འདི་བྱས་འདི་མིན་གྱི་ལན་ཡོད་པ་བྱེད་དགོས་པ་དང་།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སོགས་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལ་ནན་པོར་གཞིགས་ཏེ།  རྩ་ལག་མཉམ་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག་གཅིག་འགྱུར་འཆར་འགོད་ངང་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གནད་དོན་བཅོས་སྒྲིག་གི་ལས་ཀའི་སྤུས་ཚད་ལེགས་སུ་བཏང་ནས་ལས་ཀའི་ཞན་ཆ་གསབ་དགོས་པ།  སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་ཏན་ཏིག་དཀྲི་བ་དང་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་བདའ་འདེད་བཏང་སྟེ།  འགན་མི་འཁུར་བ་དང་དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་དང་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས།  བཅོས་སྒྲིག་དོན་འཁྱོལ་གྱི་ནུས་པ་ཡག་པོ་ཐོན་པ་དང་བཅོས་སྒྲིག་ཏན་ཏིག་བྱེད་པ།  ཕན་པ་ཐོན་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་འཚིམ་པ་ཡོང་བ་བྱེད་དགོས་པའི་ནན་གསུང་གནང་བ་རེད།

ཆེ་དགྲ་ལྷ་ནས་ཐོན་ལས་གོང་འཕེལ་ལ་དམ་འཛིན་བྱས་ནས་དབུལ་གྲོལ་འགག་སྒྲོལ་ལ་རོགས་འདེད་བྱེད་པའི་ཐད་ཐོན་ལས་དབུལ་སྐྱོར་བྱེད་རྒྱུ་དེ་དབུལ་ཞྭ་ཕུད་པ་དང་དབུལ་པོར་འགྱུར་རྐྱེན་མེད་པ་བཟོ་བ།  ཕུགས་ཀྱི་གོང་འཕེལ་ལ་དམིགས་པ་བཅས་ཀྱི་གཞི་རྩའི་བྱ་ཐབས་ཞིག་ལ་རྩིས་ནས་བཀོད་སྒྲིག་དང་འཆར་འགོད་ཞིབ་ཚགས་བྱས་ནས།  ཐོན་ལས་ཆེ་མོ་བདུན་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།  ནུས་ཤུགས་གང་ཡོད་ངང་ཕན་འབྲས་ཐོན་རྒྱུར་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་པ་དང་།  གཅིག་གྱུར་འཆར་འགོད་ཐོག་ནས་བཀོད་སྒྲིག་བྱེད་པ་དང་གཙོ་གནད་མངོན་ཆེར་འཛིན་པ།  ལེགས་ཆར་འགྱུར་བ་བྱེད་པ་བཅས་བྱས་ཏེ་ཐོན་ལས་རྣམ་གྲངས་རྒྱུན་ཆད་མེད་པར་ལེགས་སུ་དང་རིམ་སྤོར་བྱེད་པ་དང་།  ཐོན་ལས་གོང་འཕེལ་གྱི་འགོག་རྐྱེན་སེལ་བ།  ཐོན་ལས་དབུལ་སྐྱོར་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ལེན་རྒྱུར་འགན་སྲུང་ནུས་ལྡན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]