ལྗོངས་ཡོངས་ཀྱི་གསར་སྤེལ་ཁུལ་དང་གླིང་ཁུལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཡོངས་ཀྱི་གསར་སྤེལ་ཁུལ་དང་གླིང་ཁུལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ།  གསར་སྤེལ་ཁུལ་དང་གླིང་ཁུལ་གྱི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་དོན་གཉེར་ལ་མཐོང་ཆེན་བྱས་ཏེ།  རྒྱུན་ཆད་མེད་པར་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་སྟེ།  གསར་སྤེལ་ཁུལ་དང་གླིང་ཁུལ་སྤུས་ལེགས་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་སོགས་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷས་ཉེ་བའི་ལོའི་ནང་བོད་དུ་གསར་སྤེལ་ཁུལ་དང་གླིང་ཁུལ་མེད་པ་ནས་ཡོད་པ་དང་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་།  ད་ཆ་དེའི་འདེགས་སྐྱོར་སྐུལ་ཁྲིད་ཀྱི་ནུས་པ་རིམ་བཞིན་མངོན་པ་དང་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ།  དེང་རབས་ཐོན་ལས་མ་ལག་གི་གཞི་ཁྱོན་རགས་ཙམ་ཆགས་པ།  དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་བཅས་བྱུང་བ་དང་།  གླིང་ཁུལ་གྱིས་སྔ་ཕྱི་བསྡོམས་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༠༣༢ ལེགས་སྒྲུབ་བྱས་པ་མ་ཟད།  ད་ལོའི་གོང་གི་ཟླ་བ ༡༠ ཁོ་ནར་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གསར་སྤེལ་ཁུལ་གྱིས་ཁྲལ་འབབ་སྒོར་དུང་ཕྱུར ༡༣༡ ཙམ་ལེགས་སྒྲུབ་ཟིན་པ་རེད།  དེ་དང་ཆབས་ཅིག་གླིང་ཁུལ་གྱིས་ལས་ཞུགས་ཐད་ལ་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་ལས་ཀའི་ཁྲོད་ནུས་པ་ཆེན་པོ་བཏོན་ཡོད་ཅེས་གསུངས།
ཆེ་དགྲ་ལྷས་རིམ་ཁག་ཚན་པ་ཁག་ནས་དངོས་གཟུགས་དཔལ་འབྱོར་གྱི་ཁྲིད་ཕྱོགས་མངོན་ཆེར་འཛིན་ཏེ་སྤྱིའི་དམིགས་ཚད་ལ་གཞིགས་པ་དང་།  རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་བླང་བྱར་ནན་པོ་གཞིགས་ནས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ།  གསར་སྤེལ་ཁུལ་དང་གླིང་ཁུལ་གྱི་ས་ཁོངས་ཁྱབ་ཚུལ་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་སྤེལ་ཁུལ་ཐོན་ལས་ཀྱི་གཅིག་བསྡུས་ཕན་ནུས་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་།  ཕྱོགས་འགྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་ས་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་ལེགས་ཆ།  ཐོན་ལས་ཆེ་གྲས་བདུན་གྱི་ཁྱབ་ཚུལ་བཅས་ཟུང་འབྲེལ་བྱས་ནས་གསར་གཏོད་སྣེ་འདྲེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ཐོག  མཐོ་གསུམ་ཐོན་ལས་ཞུགས་སུ་གཏན་ནས་མི་འཇུག་པ་དང་ཐོན་ལས་ཀྱི་ཐེག་ནུས་ཆེ་རུ་བཏང་སྟེ།  ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས་པ།  མཉེན་ཆས་དང་མཁྲེགས་ཆས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མཉམ་སྦྲེལ་དྲ་རྒྱ་དང་འབྲེལ་བའི་སྲིད་དོན་ཞབས་ཞུར་བརྟེན་ཏེ།  སྲིད་དོན་ཞབས་ཞུ་གཅིག་བསྡུས་གཉེར་སྒྲུབ་བྱེད་རྒྱུ་ཁྱབ་སྤེལ་ཤུགས་ཆེ་བཏང་ནས།  སྤུས་ལེགས་ནུས་ཆེ་དང་སྟབས་བདེ་ཤར་གཏོང་གི་ལས་གཉེར་ཁོར་ཡུག་དང་གཞུང་དྲང་དང་ཁ་དན་ཚིག་གནས།  ཡོངས་བསྒྲགས།  གོ་རིམ་ལྡན་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས་པ།  ཕྱི་ནང་ལ་སྒོ་དབྱེའི་མཉམ་ལས་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ་བྱས་ཏེ།  ཕྱིར་སྐྱོད་པ་དང་ནང་དུ་གདན་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]