ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་སོགས་ནས་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་སྤྱི་ཟླ ༡༢ ཚེས ༤ ཉིན་ནི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་པ་དེ་ཡིན་པས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྔར་བས་སློབ་སྦྱོང་ལག་བསྟར་བྱས་ནས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་སྟེ།  སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་འདུ་ཤེས་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད།  ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ།  རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་སོགས་ཀྱིས་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཐོག་མ་དེ་སྤེལ་འགོ་ཚུགས་པ་རེད།  སྤྱི་ལོ ༢༠༡༨ ལོའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཁྲིམས་འཛིན་པུའུ།  རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱི་བརྡ་ཐོའི་བླང་བྱ་གཞིར་བཟུང་།  བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་།  ལྗོངས་ཁྲིམས་འཛིན་ཐིང་།  ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་སྤྱི་ཟླ ༡༢ ཚེས ༣ ཉིན་ནས་བཟུང་ལྗོངས་ཡོངས་སུ་སྲུང་སྐྱོང་གཉིས་ལག་བསྟར་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ།  ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བཅས་ཀྱིས་བརྗོད་དོན་གཙོ་བོ་བྱེད་པའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན།  བྱེད་སྒོ་དེ་དུས་ཡུན་ཉིན་ལྔ་སྤེལ་རྒྱུ་ཡིན་ཞིང་།  རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་རིག་རྩལ་འཁྲབ་སྟོན།  སྐབས་གཉིས་པའི་སྨྱན་སྦྱོར་གསར་པའི་ཁྲིམས་ལུགས་ཁྱབ་གདལ་འོས་སྦྱོར་ཚོགས་འདུ་སོགས་ཁྲིམས་སྐྱོང་དྲིལ་བསྒྲགས་ནང་དོན་བརྒྱུད།  མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་རྒྱུ་དང་།  རང་ལྗོངས་ཀྱི་ས་ཁུལ་ཁག་དང་ཚན་པ་ཁག་ནས་ཀྱང་རང་སོ་སོའི་དོན་དངོས་གཞིར་བཟུང་ཁྱད་ཆོས་ལྡན་པའི་མུ་འབྲེལ་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]