ཆེ་དགྲ་ལྷས་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་བཀའ་སློབ་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༢ པའི་ཚེས ༣ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་བཀའ་སློབ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་།  བྱིས་པ་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་རོགས་སྐྱོབ་དང་རྩིས་བཤེར།  དྲ་བའི་བདེ་འཇགས།  ཆ་འཕྲིན་ཅན་སོགས་ཀྱི་ལས་ཀར་ཞིབ་འཇུག་གནང་བ་རེད། 
ཚོགས་འདུའི་ཐོག  ཉིན་ཤས་གོང་ཙུང་ལི་ལི་ཁེ་ཆང་གིས་རང་ལྗོངས་ནས་རེ་ཞུ་བྱས་པའི་རྒྱལ་ཁབ་ཀྱི་བྱ་བ་ཁ་ཅིག་ལ་རྒྱབ་སྐྱོར་རོགས་རམ་དང་ཞིབ་འཇུག་ཐག་གཅོད་བྱེད་པའི་ལས་དོན་སྒྲུབ་ཚུལ།  ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལས་དོན་ལ་མཆན་འགོད་བཀའ་སློབ་གལ་ཆེན་གནང་བ་རེད།  ང་ཚོས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ནས་ལས་ཀའི་ཞིབ་ཐོ་འགོད་པ་དང་སྤེལ་རེས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ།  གཉིས་གཏོད་ཀྱི་ལས་དོན་དང་རྨང་གཞིའི་སྒྲིག་བཀོད་དང་།  དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན། ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ། ཏ་ལའི་ལོ་མའི་ཆོས་དཔེ་སོགས་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད། 
ཚོགས་འདུའི་ཐོག  རིམ་ཁག་ཚན་པ་ཁག་གིས་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་བྱིས་པ་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་རོགས་སྐྱོབ་ལམ་ལུགས་ཡག་པོ་འཛུགས་པ་དང་།  འགན་འཁྲི་ཁ་གསལ་དང་མཉམ་ཤུགས་ཆགས་པ་བྱས་ཐོག་དྲག་སྐྱེད་རོགས་སྐྱོབ་ལས་དོན་ཡག་པོ་སྤེལ་ནས།  བྱིས་པ་དབང་པོ་སྐྱོན་ཅན་གཞི་རྩའི་དྲག་སྐྱེད་ཀྱི་ཞབས་ཞུའི་དགོས་མཁོ་འགན་སྲུང་ཏན་ཏིག་བྱེད་དགོས་པ།  འགན་འཁྲིའི་བསམ་པ་དང་འོས་འགན་བསམ་པ་སྔར་བས་ཆེ་རུ་བཏང་སྟེ་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ།  མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཐོག་ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ་བྱས་ནས་ཁྲིམས་ལྟར་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་དགོས་པ།  ཡང་དག་པའི་དྲ་བའི་བདེ་འཇགས་ལྟ་བ་བཙུགས་ཏེ་དྲ་ཐོག་གི་བཟང་ནུས་སྟོབས་ཆེ་འཛུགས་པ་དང་།  མཉམ་སྦྲེལ་དྲ་རྒྱ་དང་འབྲེལ་བའི་སྲིད་དོན་ཞབས་ཞུར་སྐུལ་འདེད་གཏིང་ཟབ་བཏང་ཐོག་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་མགྱོགས་པོ་བཏང་ནས།  རང་ལྗོངས་ཀྱི་དྲ་བའི་བདེ་འཇགས་འགན་སྲུང་དང་ཆ་འཕྲིན་ཅན་གོང་འཕེལ་གྱི་ཁྲིད་སྟོན་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་བྱས་པ་རེད།  ཚོགས་འདུའི་ཐོག་ད་དུང་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]