ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༢ པའི་ཚེས ༤ ཉིན།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ་དང་།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། དབུ་འཛིན་བསོད་དར་གྱིས་སྣེ་ཁྲིད་བྱས་ཏེ་དམ་འཇོག་གནང་བ་རེད།  
མཛད་སྒོ་མཇུག་སྒྲིལ་རྗེས།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལྷག་པ་གདན་ཞུས་བྱས་ནས།  རྩ་ཁྲིམས་སློབ་སྦྱོང་གི་གལ་ཆེའི་དོན་སྙིང་དང་གསར་དུ་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་ཀྱི་སྙིང་དོན་ཐད་ཆེད་དོན་ཟུར་ཁྲིད་གནང་བ་རེད།  
ཟུར་ཁྲིད་སྙན་ཞུའི་ཐོག་བསོད་དར་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ནས་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།  རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།  རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་དཀྲིས་པའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ།  འདྲི་དཔྱོད་ཀྱི་འགན་ནུས་འདོན་སྤེལ་བྱེད་པ་བཅས་དང་།  ཁྲིམས་འཛིན་གཞུང་དྲང་ཡོང་བ་བྱས་ནས་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ།  འདྲི་དཔྱོད་ཀྱི་སྤུས་འབྲས་དང་ཁྲིམས་འཛིན་གྱི་ཡིད་རྟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས།  རང་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།  
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]