སྲིད་གྲོས་སྐབས༡༡པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས༢པའི་གནས་སྐབས་ཏང་ཨུད་དང་དྲུང་ཡིག་ཁྲུའུ་ཡི་ཚོཌ་འདུ་སྐོང་ཚོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༨ ཉིན་གྱི་སྔ་དྲོ།  སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གནས་སྐབས་ཏང་ཨུད་དང་དྲུང་ཡིག་ཁྲུའུ་ཡི་ཚོགས་འདུ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཚོགས་འདུའི་གནས་སྐབས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གནས་སྐབས་ཏང་ཨུད་ཀྱི་གྲུབ་ཆའི་མི་སྣའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བརྡ་ཐོ་སྒྲོག་སྦྱང་བྱས་པའི་ཐོག་ནས།  རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གནས་སྐབས་ཏང་ཨུད་དངོས་སུ་བཙུགས་པ་མཚོན་གྱི་ཡོད།  རིགས་གྲས་ཚོགས་ཆུང་ལ་ཡང་གནས་སྐབས་ཏང་ཀྲེ་པུའུ་བཙུགས་པ་རེད།

ཏིང་ཡས་ཤན་ནས་ཚང་མས་ངེས་པར་དུ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་མཁར་རྫོང་ལྟ་བུའི་ནུས་པ་དང་ཏང་ཡོན་ཨུ་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ཨུ་ཡོན་གཞན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་རང་འགན་གཙང་སྒྲུབ་ངང་ཚོགས་འདུའི་ལས་འགན་ཁག་ལེགས་སྒྲུབ་བྱས་ནས།  ཚོགས་འདུ་ཐུགས་གྲ་ལེགས་སྒྲིག་ཡོང་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]