ལྗོངས་སྲིད་གྲོས་སྐབས༡༡པའི་ཚོཌ་འདུ་ཐེངས་གཉིས་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཚོཌ་ཆུང་གྲོས་བསྡུར་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༩ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོས་ཚོགས་ཆུང་ཁག་བགོས་གནང་ནས།  སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཚུན་གྱི་གྲོས་གཞིའི་ལས་ཀའི་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུའུ་དབྱིང་ཇེ་དང་བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ།  ཏིང་ཡས་ཤན།  ནོར་བུ་དོན་གྲུབ།  བསྟན་ཁོ།  ཅང་ཇེ།  ཧོ་ཝུན་ཧའོ།  པད་མ་དབང་འདུས།  ལིའུ་ཅང་།  ཁྲེན་ཡུང་ཆི་སོགས་ཁག་སོ་སོར་རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་མ་ཟད་གྲོས་བསྡུར་ནང་ཞུགས་པ་རེད།

ཨུ་ཡོན་ཚོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་བ་དང་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་ཚུན་གྱི་ལས་ཀ་དང་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད།  ཚང་མས་མགྲིན་གཅིག་ཏུ་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནི་བརྗོད་དོན་ཁ་གསལ་བ་དང་ནང་དོན་ཞིབ་ཚགས་ཤིང་།  བདེན་པ་བདེན་ཐུབ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་སྒྲོན་བཟང་པོ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།

ཨུ་ཡོན་ཚོས་གྲོས་བསྡུར་གནང་སྐབས།  ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དོན་ཐོག་ཏུ་འཁྱོལ་རྒྱུ་དང་གཅིག་སྒྲིལ་ཡོང་རྒྱུ་ཕྱོགས་གཉིས་དང་དམ་པོར་བསྟུན་ནས།  འགན་འཁྲི་གཙང་སྒྲུབ་དང་རིན་ཐང་མངོན་པར་བྱས་ཏེ་སྐབས་འདིའི་སྲིད་གྲོས་ཀྱི་འགོ་ཡག་པོ་བཙུགས་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

ཨུ་ཡོན་ཚོས།  སྤྱི་ལོ ༢༠༡༩ ལོར་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་དང་དམ་པོར་བསྟུན་ནས་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་དོན་ཆེན་གསུམ་ལ་དམིགས་པ་དང་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡང་ཐག་བྱེད་པ་དང་།  གྲོས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་སྒྲིལ་གྱི་ཕྱོགས་གཉིས་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ནས།  སྤུས་འབྲས་ལེགས་གཏོང་དེ་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ཁྱབ་པ་བྱས་ཏེ།  ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།  སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ་དང་སྲིད་གྲོས་ཀྱི་ལེགས་ཆའི་ཁྱད་ཆོས་དང་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཐོག  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱེད་པ།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་གསར་པ་རྩོམ་པ་བཅས་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།  ཨུ་ཡོན་ཚོས་ད་དུང་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་སྦྲགས།  འདས་ཟིན་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་གཙང་སྒྲུབ་ཀྱི་བྱ་ཐབས་གསར་གཏོད་ཧུར་ཐག་བྱས་པ་དང་།  གཉེར་སྒྲུབ་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་སྲིད་ཀྱིས་ཚན་རིག་དང་མཐུན་པ་དང་དམངས་གཙོའི་སྒོ་ནས་ཐབས་ཇུས་འགོད་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་དང་།  སྤྱི་ལོ ༢༠༡༨ ལོར་ཨུ་ཡོན་ཚོས་གྲོས་གཞི ༤༠༤ གོང་ཕུལ་བྱས་པའི་ནང་ཞིབ་བཤེར་བརྒྱུད་གྲོས་གཞི ༣༩༧ གཏན་འཁེལ་བྱས་ནས་གྲོས་གཞིའི་ནང་གི་གྲོས་འཆར་ཁག་ཅིག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་ལ་རིམ་བཞིན་གྱུར་ཏེ།  རང་ལྗོངས་ཀྱི་སྒྱུར་བཅོས་ཟབ་གཏོང་དང་གོང་འཕེལ་ཆེན་པོ།  སྤྱི་ཚོགས་བརྟན་ལྷིང་།  དམངས་གཙོ་ལེགས་བཅོས།  སྐྱེ་ཁམས་ལེགས་པོ་བཅས་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པའི་ངོས་འཛིན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]