ཝུའུ་དབྱིང་ཇེས་ལྗོངས་སྲིད་གྲོས་སྐབས༡༡པའི་ཚོཌ་འདུ་ཐེངས་གཉིས་པའི་མི་རིཌ་རིཌ་ཁོངས་ཚོཌ་ཆུང་གི་གྲོས་བསྡུར་ནང་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༩ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་མི་རིགས་རིགས་ཁོངས་ཚོགས་ཆུང་དུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་མ་ཟད།  ཁོང་རྣམ་པ་དང་ལྷན་དུ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་ཀའི་གནས་ཚུལ་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་།  ལེའུ་ཅང་དང་མོང་ཞའོ་ལིང་།  སྒྲོལ་དཀར་སོགས་གྲོས་བསྡུར་ནང་ཞུགས་ཡོད།  དཀོན་མཆོག་ཚེ་རིང་དང་ཉི་མ་ཆུང་ལགས།  འཆི་མེད་སོགས་ཨུ་ཡོན་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།  དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན།  ཁྲིམས་བཞིན་ཆོས་ལུགས་བྱ་བར་དོ་དམ།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་སོགས་ཀྱི་བརྗོད་དོན་གཙོ་བོ་དང་བསྟུན་ཏེ་རང་ངོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  གྲུབ་འབྲས་དང་མྱོང་ཚོར་གླེང་བ་དང་གྲོས་འགོ་འདོན་པ་སོགས་གང་བསམ་ལྷུག་གླེང་གནང་བ་རེད།  ཝུའུ་དབྱིང་ཇེ་ནས་གཏམ་བཤད་གསན་བཞིན་དུ་ཟིན་བྲིས་རྒྱབ་གནང་བ་དང་དོ་འཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

ཝུའུ་དབྱིང་ཇེས།  ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས་དང་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ།  འགན་འཁྲི་གཙང་སྒྲུབ།  ཐབས་ཇུས་འདོན་པ་བཅས་རྒྱུན་འཁྱོངས་བྱས་ནས།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་པ་དང་།  དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་བྱས་ནས་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་གདེང་ཚོད་བཞི་བརྟན་དུ་བཏང་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་དབུ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རང་རྟོགས་ངང་བསམ་བློ་དང་ཆབ་སྲིད།  བྱ་སྤྱོད་བཅས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ།  རིག་གཞུང་གིས་གོ་རྟོགས་སྤྲོས་ཤུགས་ཆེ་རུ་བཏང་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ལོན་པ་དང་ཁོང་དུ་ཆུད་པ།  ལག་བསྟར་བཅས་བྱས་ནས་དངོས་འབྲེལ་དྲང་འབྲེལ་ངང་བསམ་བློར་གོ་རྟོགས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཀད་གནང་ཡོད།

ཝུའུ་དབྱིང་ཇེ་ནས།  ང་ཚོས་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་དང་དམ་པོར་བསྟུན་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་མཐའ་གཅིག་ཏུ་བརྒྱབ་སྟེ།  ཁ་བྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བ་བྱེད་དགོས་པ་དང་།  བོད་ཀྱི་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབ་ས་དང་དམ་པོར་བསྟུན་ནས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་དང་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ།  ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས།  འབྲེལ་བ་བཅུ་གསུམ་ཐག་གཅོད་ཡང་དག་བྱེད་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ།  མི་རིགས་ཁག་གི་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་ས་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ།  མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་གཏོང་དགོས་པ།  ལྷག་བསམ་ཟོལ་མེད་ཀྱིས་འགན་འཁྲི་ཏན་ཏིག་སྒྲུབ་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་རྒྱ་ཁྱབ་ངང་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ལྟེ་བའི་ལྷུ་ཚིགས་ལ་བརྩི་བ་དང་།  བརྟན་ལྷིང་དང་གོང་འཕེལ།  སྐྱེ་ཁམས།  དབུལ་གྲོལ་འགག་སྒྲོལ་སོགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་དམ་པོར་བསྟུན་དགོས་ལ།  བརྟག་ཞིབ་གཏིང་ཟབ་བྱས་ཐོག་ཐབས་དང་ཇུས་ཧུར་ཐག་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་པ།  སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་བོད་ཀྱི་གོང་འཕེལ་གསར་པ་དང་འགྱུར་ལྡོག་གསར་པའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་།  རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་བསྐྱལ་ཏེ་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་ནན་བཤད་ཀྱང་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]