སྲིད་གྲོས་སྐབས༡༡པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན་གྱི་སྔ་དྲོ།  སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་གནའ་གྲོང་ལྷ་སར་ཉི་འོད་རབ་ཏུ་འཚེར་བས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་ཡོང་གི་ཡོད།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་ཁང་ནང་སྒམ་བརླིང་ལྡན་ལ་སྤྲོ་སེམས་འཁོལ་བ་དང་།  ཀྲུའུ་ཞི་སྡིངས་ཆའི་དབུས་སུ་བཀལ་བའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་མཚོན་པའི་སྲིད་གྲོས་ཀྱི་ཚོགས་རྟགས་དེ་གཞོགས་གཡས་གཡོན་གཉིས་ཀྱི་དམར་མདངས་བཀྲ་བའི་དར་དམར་ཁྲོད་དེ་བས་བཀྲག་མདངས་ལྡན་པ་ཞིག་ཡོད་པ་རེད།
ཝུའུ་དབྱིང་ཇེ་དང་བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན།  ནོར་བུ་དོན་གྲུབ།  ཝང་གཡུང་ཅུན།  ཅང་ཇེ།  ཧོ་ཝུན་ཧའོ།  པད་མ་དབང་འདུས།  ལིའུ་ཅང་།  ཁྲེན་ཡུང་ཆི།  ལེགས་མཆོག  པ་སངས་སོགས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མཛུབ་ཁྲིད་གནང་བར་ཕེབས་ཡོད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བསྟན་ཁོས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་རེད།
ཏིང་གཡས་ཤན་དང་བསྟན་ཁོ།  ཀའོ་ཡང་།  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།  ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས།  བློ་བཟང་འགྱུར་མེད།  རྫོང་ལོ་བྱམས་པ་མཁས་གྲུབ།  ས་ལུང་ཕུན་ལགས།  བསོད་ནམས་རིག་འཛིན།  ངག་དབང་།  ང་ཕོད་འཇིགས་ཡོན།  ཝང་ཡཱ་སླིན།  སངས་རྒྱས་གྲགས་པ།  སྒྲོལ་དཀར།  ལེའི་ཀུད་ལུང་།  བཀྲ་ཤིས་ཟླ་བ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག  ཨུ་ཡོན་རྣམ་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་གཏོང་གནང་རྗེས།  བསྟན་ཁོས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།
བསྟན་ཁོས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ད་རེས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ།  སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཉན་རྒྱུ་དང་གྲོས་ཞིབ་བྱེད་རྒྱུ།  སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ཉན་རྒྱུ་དང་དེར་གྲོས་ཞིབ་བྱེད་རྒྱུ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཟུར་བཞུགས་བྱས་ཏེ།  སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་མིན་འབྲེལ་ཡོད་སྙན་སྒྲོན་ཉན་རྒྱུ་དང་དེ་དག་ལ་གྲོས་བསྡུར་བྱེད་རྒྱུ།  སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་དང་དེ་མིན་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱེད་རྒྱུ།  མི་དོན་བྱ་བར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱེད་རྒྱུ་བཅས་ཡིན་པའི་མཛུབ་སྟོན་གནང་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངག་ལྟར།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ལས་དོན་སྙན་སྒྲོན་གནང་བ་རེད།
སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྙིང་དོན་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་།  ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ།  མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་འོས་འགན་གསར་པར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ།  བོད་ལྗོངས་སྲིད་གྲོས་ལས་ཀའི་ཤུགས་རྒྱག་ས་གཙོ་བོར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ།  འགྱུར་བ་གསུམ་ནི་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱིས་བྱས་རྗེས་གསར་པ་མངོན་དུ་འགྱུར་བ་བྱེད་པའི་འགོ་འཛུགས་ས་ཡིན་པར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས།  ལོ་གཅིག་རིང་གི་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཀའི་ཁྱད་ཆོས་ལ་ཕྱོགས་བསྡོམས་བྱས་ཡོད་པ་དང་།  རིག་གཞུང་སློབ་སྦྱོང་བྱ་རྒྱུ་གཙོ་བོར་བཞག་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་།  བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སེམས་ནུས་གཅིག་སྒྲིལ་ངང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ།  ལྟེ་བར་དམིགས་ནས་གྲོས་འདོན་སྲིད་སྐྱོང་བྱས་ཏེ་འགན་འཁྲི་གཙང་སྒྲུབ་ཐོག་ནས་བྱ་གཞག་ཁག་གོང་འཕེལ་གཏོང་བ།  གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོགས་ཐོག་ནས་གཙོ་གནད་ལས་དོན་སྤེལ་ཏེ།  དམངས་གཙོ་འཛུགས་སྐྱོང་ལ་གྲོས་མོལ་བྱེད་པ་དང་རྒྱུན་གཏན་རང་བཞིན་གྱི་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱེད་པ།  སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་སྟེ་དུས་རབས་གསར་པའི་འོས་འགན་གསར་པ་དང་འཚམས་གང་ཐུབ་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཕྱིར་འདྲེན་དང་ཕྱོགས་བསྡོམས་བྱས་ཡོད་པ་དང་ཆབས་ཅིག  གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རིག་གཞུང་སློབ་སྦྱོང་བྱེད་རྒྱུ་རྒྱུན་འཁྱོངས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱས་ནས་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དང་།  གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ངང་བསམ་བློ་ཆབ་སྲིད་ལ་བརྟེན་ནས་སྲིད་གྲོས་ལས་ཀའི་བརྒྱུད་རིམ་ཡོངས་ལ་ཁྲིད་སྟོན་བྱེད་རྒྱུ།  གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཕྱོགས་གཉིས་ཀར་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  སྲིད་གྲོས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུ།  གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།  འགན་འཁྲི་གཙང་སྒྲུབ་ཀྱི་ནུས་པ་བཞི་ཆེ་རུ་ཧུར་ཐག་གཏོང་རྒྱུ་བཅས་ཕྱོགས་བཞིའི་ཐད་ནས་སྤྱི་ལོ ༢༠༡༩ ལོའི་སྲིད་གྲོས་ལས་ཀར་བཀོད་སྒྲིག་བྱས་ཡོད་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་ཀྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ།  སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཚུན་གྱི་གྲོས་གཞིའི་ལས་ཀའི་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གནང་བ་རེད།

སྙན་སྒྲོན་ནང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཚུན་དུ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག  ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལ་བཏོན་པའི་འགན་སྒྲུབ་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུས་གཙོ་གནད་བྱེད་པ་དང་།  གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུས་འགག་རྩ་བྱས་ཏེ།  བོད་ཀྱི་འཐབ་ཇུས་གནས་བབ་གལ་ཆེན་དང་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པར་གཞི་ཚུགས་ཤིང་།  ཏང་སྲིད་ཀྱི་ལྟེ་བའི་ལས་དོན་དང་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སོགས་དང་དམ་པོར་བསྟུན་ནས་གྲོས་གཞི ༤༠༤ ཕུལ་བ་དང་།  ཞིབ་དཔྱད་བྱས་པ་བརྒྱུད་གྲོས་གཞི ༣༩༧ ཐོ་འགོད་བྱས་ཤིང་གྲོས་གཞི་བདུན་ཕྱིར་འཐེན་དང་ཡང་ན་བསམ་འཆར་དང་གྲོས་འགོར་རྩིས་ཡོད་པ་རེད།  སྤྱི་ལོ ༢༠༡༨ ལོའི་ཟླ་བཅུ་པའི་ཟླ་མཇུག་བར་གྲོས་གཞི་ཡོངས་གཉེར་སྒྲུབ་དང་བརྡ་ལན་སྤྲད་ཟིན་པ་རེད།  གྲོས་གཞིའི་ནང་བཏོན་པའི་གནད་དོན ༢༠༨ ཐག་གཅོད་ཟིན་པ་དང་ཡང་ན་བསམ་འཆར་དང་གྲོས་འགོའི་ཐོག་ནས་དང་ལེན་ཟིན་ཏེ་གྲོས་གཞི་ཡོངས་ཀྱི་བརྒྱ་ཆ ༥༢.༣༩ བཟུང་བ་དང་།  གནད་དོན ༡༤༠ ཐག་གཅོད་བྱེད་རྩིས་དང་ཡང་ན་དང་ལེན་བྱེད་རྩིས་ཡོད་པ་དེས་གྲོས་གཞི་ཡོངས་ཀྱི་བརྒྱ་ཆ ༣༥.༢༧ བཟུང་བ།  ཆ་རྐྱེན་མི་འདེང་བའི་རྐྱེན་གྱིས་གནས་སྐབས་ཐག་གཅོད་བྱེད་དཀའ་བས་དཔྱད་གཞིར་འཇོག་རྒྱུའི་གནད་དོན ༤༩ ཡོད་པ་དེས་གྲོས་གཞི་ཡོངས་ཀྱི་བརྒྱ་ཆ ༡༢.༣༤ བཟུང་བ་བཅས་འཁོད་ཡོད།
ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྲས་སུ་ད་དུང་རྡོ་ཐོགས་དང་བསྟན་འཛིན་རྣམ་རྒྱལ།  འོད་ཟེར།  ཞུལ་ཞོལ་ཀོང་།  ཅུད་ཅན་ཧྭ།  ལི་ཝུན་ཧན།  ཉི་མ་ཚེ་རིང་།  ཅིད་གོ་ཀང་།  མ་ཧྲེང་ཁྲང་།  ཝང་ཅུན།  ལྕགས་ར་བློ་བཟང་བསྟན་འཛིན།  རྡོ་རྗེ་ཚེ་གྲུབ།  རྒྱལ་མཚན།  དབང་ཧའེ་ཀྲོའུ།  ཧྲི་མོའུ་ཅུན།  ཀྲང་ཡུང་ཙེ།  ཀྲང་ཡན་ཆིང་།  ལོའོ་མེ།  མོང་ཞའོ་ལིན།  འཇམ་དཔལ།  བསོད་དར།  ཀྲུའུ་ཡཱ་ཕིན།  ཅཱ་སླིད་གོ་སོགས་ཡོད་པ་རེད།
གདན་ཞུས་ལྟར་ཐེངས་འདིའི་ཚོགས་འདུར་ཟུར་ཞུགས་གནང་མཁན་གྲས་སུ་བོད་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།  ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཨུ་ཡོན་མ་ཡིན་པའི་འགན་འཁུར་བློ་མཐུན།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་སྲིད་གྲོས་ཀྲུའུ་ཞི་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་།  དེ་བཞིན་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་གཞུང་ཚབ་སྐུ་ཞབས་ཅེ་མུའུ་ཤུན.ལཱ་མུའུ་ཏ་ལི.ལཱ་དབྱི་བཅས་ཡོད་པ་རེད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]