ཆེ་དགྲ་ལྷས་སྲིད་གྲོས་སྐབས༡༡པའི་ཚོགས་འདུ་ཐེངས༢པའི་དཔལ་འབྱོར་ལས་རིགས་ཀྱི་ཚོཌ་ཆུང་གྲོས་བསྡུར་ནང་ཞུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་དཔལ་འབྱོར་ལས་རིགས་ཀྱི་ཚོགས་ཆུང་དུ་ཕེབས་ནས།  སྲིད་གྲོས་ཨུ་ཡོན་ཚོར་བྱམས་བརྩེའི་ངང་གཟིགས་པ་མ་ཟད་ཚང་མ་དང་ལྷན་དུ་གྲོས་བསྡུར་གནང་བ་རེད།
དཔལ་འབྱོར་ལས་རིགས་ཀྱི་ཚོགས་ཆུང་གྲོས་བསྡུར་ཧ་ཅང་འཁྲུག་པོ་ཡོད་པ་དང་།  ལིའི་ཧའེ་པོ་དང་སྐལ་བཟང་དབང་ཕྱུག་སོགས་ཨུ་ཡོན་གྱིས་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་།  ཐོན་ལས་གོང་འཕེལ་གཏོང་རྒྱུ་སོགས་དང་བསྟུན་ནས་གང་བསམ་ལྷུག་གླེང་དང་ཐབས་ཇུས་བཏོན་གནང་བ་རེད།  ཆེ་དགྲ་ལྷས་ཞིབ་ཕྲ་གསན་པ་དང་ཟིན་ཐོ་ནན་ཏན་བཀོད་གནང་ཞིང་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་བརྡ་ལན་ཡང་གནང་བ་རེད།
ཆེ་དགྲ་ལྷས་གཏམ་བཤད་གནང་སྐབས།  ང་ཚོས་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཐོག  དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དུས་བབ་ལ་སྟངས་འཛིན་ཡང་དག་བྱས་ཏེ།  རྒྱུན་ཆད་མེད་པར་རྒྱུན་རྣམ་གསར་པར་ངོས་འཛིན་དང་འཚམས་མཐུན།  སྣེ་ཁྲིད་བཅས་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ།  ལས་དོན་སྒྲུབ་པའི་ཁྲོད་དཔལ་འབྱོར་སྤུས་ལེགས་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།།
  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]