བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས༡༡པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་ཟབ་རྒྱས་ངང་ཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་སྤྱི་ཟླ་དང་པོའི་ཚེས ༡༠ ཉིན་གྱི་སྔ་དྲོ་ལྷ་སར་ཚོགས་འགོ་ཚུགས་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི ༤༠༠ ཙམ་གྱིས་མི་དམངས་ཀྱི་མངག་བཅོལ་ལྕི་པོ་ཕྲག་ཏུ་འཁུར་ནས་ཚོགས་འདུར་ཞུགས་ཏེ།  རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་སྒྲུབ་རྒྱུ་རེད།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཇེ་ཚོགས་འདུར་ཕེབས་ཡོད།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།

ཏིང་གཡས་ཤན་དང་ཀྲོང་ཡན།  ནོར་བུ་དོན་གྲུབ།  བསྟན་ཁོ།  ཅང་ཇེ།  སྤེན་པ་བཀྲ་ཤིས།  ཧོ་ཝུན་ཧའོ།  པད་མ་དབང་འདུས།  ལེའུ་ཅང་།  གྲེན་ཡུང་ཆི།  ལེགས་མཆོག  པ་སངས།  རྡོ་ཐོགས།  བསྟན་འཛིན་རྣམ་རྒྱལ།  བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན།  འོད་ཟེར།  ཞུལ་ཞོལ་ཀོང་།  ཅུད་ཅན་ཧྭ།  ལེ་ཝུན་ཧན།  ཉི་མ་ཚེ་རིང་།  ཅི་གོ་ཀང་།  མ་ཧྲེང་ཁྲང་།  ཝང་ཅུན།  ཞུལ་གྲེང་ཚང་།  ལིའུ་ཀོང་ཤུན་བཅས་དང་།  དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་དབུ་ཁྲིད་བློ་མཐུན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་དགོས་ངེས་ཀྱི་འཐུས་མི ༤༣༤ དང་དངོས་སུ་ཞུགས་མཁན་འཐུས་མི ༣༧༨ ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་གྱི་ཡོད།  སྔ་དྲོའི་ཆུ་ཚོད ༡༠ པའི་ཐོག་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ནས་རྒྱལ་གླུ་ལེན་པ་རེད།  ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་དོན་ཚན་ཁག་གསུམ་ལ་དབྱེ་ཡོད་པ་སྟེ།  སྤྱི་ལོ ༢༠༡༨ ལོའི་ལས་ཀར་ཕྱིར་དྲན་དང་སྤྱི་ལོ ༢༠༡༩ ལོའི་ལས་དོན་བཀོད་སྒྲིག  སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།

ཆེ་དགྲ་ལྷ་ནས།  སྙན་སྒྲོན་ནང་འགག་སྒྲོལ་ཆེ་མོ་གསུམ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ།  སྤུས་ཚད་ལེགས་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ།  སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ།  ས་ཁོངས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ།  སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་བཅས་ཕྱོགས་བདུན་ཐད་ནས།  སྤྱི་ལོ ༢༠༡༨ ལོའི་ལས་ཀར་ཕྱིར་དྲན་ཕྱོགས་བསྡོམས་གནང་བ་དང་སྦྲགས།  བོད་ལྗོངས་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་གི་ངོས་ནས།  ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་བྱམས་སྐྱོང་ཐོབ་ཡོད་ཅིང་བོད་ལྗོངས་མདུན་སྐྱོད་ཀྱི་གོམ་སྟབས་རེ་རེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་འཁུར་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཡང་དག་ཁྲིད་སྟོན།  སྤྱི་ཁྱབ་ཧྲུའུ་ཅིའི་ཕྱོགས་སྟོན་ཁ་ལོ་བཅས་ལ་ཐུག་ཡོད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བརྩེ་བ་ཟབ་མོ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་ཡོད་ལ།  དུས་དང་རྣམ་པ་ཀུན་དུ་ང་ཚོས་བཀའ་དྲིན་སྙིང་བཅངས་བྱས་ནས་འབད་སྤུངས་ཡར་བརྩོན་བྱ་རྒྱུར་སྐུལ་ལྕག་གཏོང་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།
ཆེ་དགྲ་ལྷ་ནས།  ད་ལོའི་སྲིད་གཞུང་གི་ལས་ཀའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ།  ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་ཐོག་སྐུལ་སྤེལ་གཏོང་བ་དང་།  ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་བྱས་ནས་སྐུལ་འདེད་བཏང་ཐོག་བརྟན་ཐོག་ཡར་འཕེལ་དང་ཡར་འགྲོ་ལེགས་བརྩོན།  ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས།  སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱས་ནས་གཙོ་རྐང་བྱེད་རྒྱུ་རྒྱུན་འཁྱོངས།  ཁྲོམ་ར་ཅན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་པ་དང་།  བརྟན་པོ་དྲུག་གི་བླང་བྱ་དོན་འཁྱོལ་བྱེད་པ།  རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་བརྟན་དབུ་ཁྲིད་འོག་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡང་དག་བྱེད་རྒྱུས་རྩ་བའི་ཐབས་ཤེས་བྱས་ནས།  དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གང་མགྱོགས་གཏོད་པ་དང་མུ་མཐུད་འགག་སྒྲོལ་ཆེ་གྲས་གསུམ་ཡག་པོ་བྱེད་པ།  ལས་གཞི་ཆེ་གྲས་བཅུ་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ།  ཐོན་ལས་ཆེ་གྲས་བདུན་གོང་འཕེལ་ཤུགས་ཆེ་གཏོང་བ།  དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་རྒྱུ་མངོན་ཆེར་འཛིན་པ།  འཕར་སྣོན་བརྟན་པོ་ཡོང་བ་བྱེད་པ་དང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།  གྲུབ་ཆ་ལེགས་སྒྲིག་བྱེད་པ།  དམངས་འཚོར་ཕན་འདོགས་པ།  ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཆེ་རུ་གཏོང་བ་དང་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་ཐག་གཅོད་རང་བཞིན་གྱི་རྨང་གཞི་གཏོད་དེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

ཆེ་དགྲ་ལྷས་སྙན་སྒྲོན་གནང་སྐབས།  ད་ལོའི་ལས་དོན་གྱི་དམིགས་ཚད་ནི།  ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་འཕར་སྣོན་མྱུར་ཚད་བརྒྱ་ཆ་བཅུ་ཡས་མས་རྒྱུན་འཁྱོངས་ཐུབ་པ་དང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོང་བ།  སྤྱི་ཚོགས་འཛད་སྤྱོད་དངོས་པོའི་བསིལ་འཚོང་སྤྱི་འབོར་བརྒྱ་ཆ ༡༣ འཕར་བ་བཅས་བྱེད་རྒྱུ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་བརྒྱ་ཆ་བཅུ་ཡན་འཕར་བ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་བརྒྱ་ཆ ༡༣ ཡན་འཕར་བ།  གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་བཞི་ནང་ཚུན་དུ་ཚོད་འཛིན་ཐུབ་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད་བརྒྱ་ཆ་གསུམ་ནང་ཚུན་དུ་ཚོད་འཛིན་ཐུབ་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་བརྒྱ་ཆ་ལྔ་ནང་ཚུན་དུ་ཚོད་འཛིན་ཐུབ་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་ཚོ་ལྔ་འཕར་བ་བཅས་བྱེད་རྒྱུ་མ་ཟད།  ནུས་རྒྱུ་ཟད་གྲོན་དང་ཐཱན་རྒྱུ་ཕྱིར་འབུད་བྱེད་ཤུགས།  བཙོག་སྐྱོན་ཉུང་གཏོང་བཅས་ཀྱི་དམིགས་ཚད་དེ་རྒྱལ་ཁབ་ནས་ཞིབ་བཤེར་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་།  ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པོའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ ༩༥ ཡན་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ་བཅས་ཡིན་ཞེས་བཏོན་གནང་ཡོད།

ཆེ་དགྲ་ལྷ་ནས།  ད་ལོ་གཙོ་གནད་ཐོག་ཕྱོགས་བདུན་ཐད་ཀྱི་ལས་ཀར་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།  གཅིག་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དང་།  གཉིས་ནས་ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།  གསུམ་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།  བཞི་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ།  ལྔ་ནས་ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཆུ་ཚད་མཐོ་བའི་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།  དྲུག་ནས་ནུས་ཤུགས་ཡོད་རྒུས་ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ།  བདུན་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད་ཅེས་མཛུབ་སྟོན་གནང་བ་དང་སྦྲགས།  བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་ཡོད་ཅེས་གསུངས།

མཇུག་ཏུ་ཆེ་དགྲ་ལྷ་ནས།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་དབུ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་གནད་འགག་སྒྲོལ་གྱིས་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དེ།  གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་ཕྱག་རྟགས་འབུལ་དགོས་པའི་འབུལ་སྐུལ་གནང་བ་རེད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་གྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་གྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་།  བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་དཔར་འགྲེམ་བྱས་ཏེ་འཐུས་མི་ཚོས་ཞིབ་དཔྱད་གནང་རྒྱུར་ཕུལ་བ་རེད།

ཚོགས་འདུའི་ཐོག  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]