ཚོགས་ཞུཌ་སྲིད་གྲོས་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་སྙན་སྒྲོན་ཆེན་པོ་གསུམ་ལ་གྲོས་བསྡུར་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས།  སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འཆར་གཞིའི་སྙན་སྒྲོན།  སྔོན་རྩིས་ཀྱི་སྙན་སྒྲོན་སོགས་ལ་དམིགས་ཏེ་མུ་མཐུད་གྲོས་བསྡུར་གནང་བ་རེད།
ཀའོ་ཡང་དང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།  བློ་བཟང་འགྱུར་མེད།  རྫོང་ལོ་བྱམས་པ་མཁས་གྲུབ།  ས་ལུང་ཕུན་ལགས།  བསོད་ནམས་རིག་འཛིན།  ངག་དབང་།  ང་ཕོད་འཇིགས་ཡོན།  ཝང་ཡཱ་སླིང་།  སངས་རྒྱས་གྲགས་པ།  སྒྲོལ་དཀར།  ལིའེ་ཀུད་ལུང་།  བཀྲ་ཤིས་ཟླ་བ་བཅས་ཀྱིས་ཁག་སོ་སོར་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་ཡོད་པ་རེད།
ཚོགས་ཆུང་ཁག་ཏུ་གྲོས་བསྡུར་འཁྲུག་པོ་དང་གཏམ་བཤད་ལྷུག་གླེང་གི་རྣམ་པ་ཧ་ཅང་བཟང་པོ་ཡོད་པ་རེད།  ཨུ་ཡོན་ཚོས་གྲོས་བསྡུར་ཁྲོད་རང་རང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  དོ་སྣང་བྱེད་ཡུལ་གྱི་གནད་དོན་ལ་གྲོས་འཆར་འདོན་པ་དང་མྱོང་ཚོར་གླེང་གནང་བ་རེད།  ཚང་མས་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  མུ་མཐུད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལ་དམ་པོར་བསྟུན་ཏེ།  འགན་ནུས་ལག་བསྟར་ནན་ཏན་བྱས་ཐོག་དོན་དངོས་ལ་བརྟག་ཞིབ་བྱེད་པ་དང་དྲང་གཏམ་བཤོད་པ།  ཐབས་ཇུས་བཟང་པོ་འདོན་པ་བཅས་བྱས་ནས་བློ་རྩ་བརྟན་ལ་བརྩེ་བ་ཟབ་པ་དང་།  འགན་སེམས་ཆེ་ལ་དོན་གཉེར་གྱི་བསམ་པ་ཡང་ཆེ་བའི་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་བྱེད་རྒྱུ་ཡིན་ཞེས་གསུངས།།
  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]