མ་ངོས།
.
གསར་འགྱུར།
.
རླུང་འཕྲིན།
.
གླུ་གཞས།
.
བརྙན་མཐོང་།
.
པར་དེབ།
.
རིག་གནས།
.
ཡུལ་སྐོར།
.
ཇ་ཁང་།
མ་ངོས།
གཙོ་དོན།
སྲིད་དོན།
གལ་ཆེན།
སྤྱི་ཚོགས།
ཕྱོགས་བསྡུས།
དཔལ་འབྱོར།
རྒྱལ་ནང་།
ཇུས་འགོད།
中文
English
PAD
Android
IOS
ཁ་པར་པར་གཞི་ཕབ་ལེན།
མ་ངོས།
>>
གསར་འགྱུར།
>>
སྲིད་དོན།
ཆེ་དགྲ་ལྷས་ལྗོངས་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་སུ་བརྟག་ཞིབ་གནང་།
ཡོང་ཁུངས། བོད་ལྗོངས་རླུང་འཕྲིན། རྩོམ་པོ། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 2019-02-09
您没有安装FlashPlayer或版本太低,
请点击获得最新版本FlashPlayer
00:00
ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་། ཁོང་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འདུ་ཤེས་བརྟན་དུ་གཏོང་བ་དང་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་ལག་ལེན་ནུས་ལྡན་བསྟར་ཏེ། རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་ཀྱི་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ། དེ་བཞིན་དབང་ཧེ་ཀྲའུ་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།
རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་དེ་ལྷ་ས་ཨར་འདམ་བཟོ་གྲྭའི་གནས་ཡུལ་རྙིང་པར་བསྐྲུན་ཡོད་པ་དང་། དེའི་འཆར་བཀོད་ནང་བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་སོགས་ཡོད། ཆེ་དགྲ་ལྷ་དེ་གར་ཕེབས་ནས་བཟོ་གྲྭ་རྙིང་པར་བརྟག་ཞིབ་དང་བོད་ལྗོངས་མཛེས་རྩལ་ཁང་གི་འཆར་འགོད་ཀྱི་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཆེ་དགྲ་ལྷས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་བེད་སྤྱོད་ཐུབ་པ་ཐ་དག་མུ་མཐུད་བེད་སྤྱོད་བྱས་ཏེ། སྔར་ཡོད་ཀྱི་ཁྱད་ཆོས་དང་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་དང་། བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གི་སྒྲིག་བཀོད་དང་བཤམས་སྟོན་དངོས་རིགས་ལ་ཞིབ་བཤེར་ནན་ཏན་གནང་སྟེ། ནང་དོན་དང་དོན་སྙིང་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་རང་ལྗོངས་ཀྱི་དེང་རབས་ཅན་གྱི་བཟོ་ལས་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་གང་ལེགས་མངོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
བརྟག་ཞིབ་གནང་རིང་ཆེ་དགྲ་ལྷས་ད་དུང་རིམ་ཁག་ཚན་པ་ཁག་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་དམ་འཛིན་བྱེད་སར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གྲ་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་མཐུད་བསྐོང་དགོས་ཤིང་། བསམ་གཞི་རྒྱ་སྐྱེད་དང་འདུ་ཤེས་གསར་གཏོད་ཐོག་ཟུང་འབྲེལ་གྱི་ལས་དོན་ཡག་པོ་སྤེལ་ཏེ་ཆུ་ཚད་མཐོ་བའི་འཆར་འགོད་དང་ཆུ་ཚད་མཐོ་བའི་ཇུས་འགོད་བྱེད་དགོས་པ་དང་། ལྷུ་ཚིག་ལ་སྣང་ཆེན་དང་དུས་ཚོད་རེའུ་མིག་བཟོ་བ། ལས་ཡུན་ལྡོག་སྒྲིག་བཅས་ཀྱི་ཐོག་ནས་བདེ་འཇགས་དང་སྤུས་ཚད་འགན་སྲུང་བྱེད་པའི་རྨང་གཞིའི་ཐོག་ལས་འགོ་སྔ་ཙམ་ཚུགས་ཐུབ་པ་དང་སྔ་ཙམ་སྐྲུན་ཟིན་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱེད་དགོས་པ། མ་འཇོག་བསྐྱར་ཟློས་སྔོན་འགོག་དང་གོང་འཕེལ་གྱི་ཞན་ཆ་གསབ་ནས་གྲོང་ཁྱེར་གོང་འཕེལ་གྱི་རྣམ་པ་གསར་པར་གསོན་ཤུགས་སྦྱིན་དགོས་པ། འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ། ཕན་ཚུན་གཞོགས་འདེགས། མཉམ་ལས་ཤུགས་ཆེ་བཅས་བྱས་ནས་རང་འགུལ་ངང་འཛུགས་སྐྲུན་ཁྲོད་འཕྲད་པའི་དཀའ་གནད་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ། འབྲེལ་ཡོད་ཚན་པ་ཁག་གིས་གཏན་འཁེལ་ཟིན་པའི་འགན་འཁྲིའི་ལས་བགོས་གཞིར་བཟུང་ལས་དོན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས། རྒྱ་ཆེའི་མང་ཚོགས་ཚོས་བསྒྱུར་བཅོས་དང་གོང་འཕེལ་གྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།
༼ རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།
འབྲེལ་ཡོད་གསར་འགྱུར།
ཀྲོང་ཡན་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་ལས་གནས་བརྟན་སྲུང་བྱེད་མཁན་ཉེན་རྟོག་པ་དང་དགོན་སྡེའ...
ཏིང་གཡས་ཤན་གྱིས་བརྙན་ལམ་སྦྲེལ་མཐུད་བརྒྱུད་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀར་སླར་ཡང་བཀོད་སྒ...
ཆེ་དགྲ་ལྷས་ལྗོངས་རིག་གནས་སྒྱུ་རྩལ་བློ་གསར་ལས་གཏོད་ལྟེ་གནས་སུ་བརྟག་ཞིབ་གནང་།
ཏིང་གཡས་ཤན་གྱིས་ལྷ་སར་དུས་ཆེན་རིང་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པར་འཚམ་འ...
ཏིང་གཡས་ཤན་གྱིས་དུས་ཆེན་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་སྤེལ་དགོས་གསུངས།
ངའི་དགའ་ཤོས།
འོས་སྦྱོར།
ཆུ་གསུམ་རྫོང་གོང་སྟོད་གྲོང་ཚོས་རིག་རྩལ་འཁྲབ་སྟོན...
ཆབ་མདོས་གྲོང་གསེབ་ཀྱི་སྔོ་ལྗང་ལས་རིགས་གོང་འཕེལ་བ...
གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན།
རང་ལྗོངས་ཀྱིས་བུད་མེད་ལ་གཅེས་སེམས་འཆང་ཞེས་པའི་ད་...
དུས་རབས་ཀྱི་དཔེ་བཟང་བར་སློབ་སྦྱོང་བྱས་ཏེ་འཕེལ་རྒ...
འོས་སྦྱོར་།
དབུལ་གྲོལ་འགག་སྒྲོལ་གནད་འཕིཌ་ཡོ...
དུས་རབས་ཀྱི་དཔེ་བཟང་བར་སློབ་སྦྱ...
གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མང...
ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་...
མཛེས་ལྗོངས་ཁུལ།
དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་...
རང་ལྗོངས་ཀྱིས་ཕུལ་བྱུང་གི་སྲོལ་...
ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད...
རྫ་ཡུལ་རྫོང་གིས་གཞི་རིམ་ལས་བྱེད...
ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོར་ནང...
རང་ལྗོངས་ཀྱི་མང་ཚོགས་ཚོས་ནང་མི་...
ངོ་མཚར་གླེང་མོལ།
པར་ལེན་།
བགྲོ་གླེང་།:
ཆོས་ལུགས།
[བགྲོ་གླེང་།]