བོད་ལྗོངས་འཐུས་མི་ཚོཌ་པས་ཁང་གཉིས་ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༢ ཉིན་གྱི་ཕྱི་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ཏེ།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད། 
བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་གཡུང་ཅུན་བཅས་གྲོས་ཞིབ་ནང་ཞུགས་ཡོད།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
ཚོགས་འདུའི་ཐོག་ཝུའུ་དབྱིང་ཇེ་དང་པད་མ་འཕྲིན་ལས།  བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ།  ཝང་གཡུང་ཅུན།  ཇིང་ཧན་གྲའོ།  ཀོ་ཆིང་ཕིང་།  གོ་གོག་སོགས་འཐུས་མི་རྣམ་པས་གཅིག་མཇུག་གཉིས་མཐུད་ངང་གཏམ་བཤད་སྤེལ་གནང་བ་རེད། 
ཚང་མས་ཁྲིམས་ཁང་གི་དབུ་འཛིན་ཀྲོའུ་ཇང་གིས་གནང་བའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་གནང་བའི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ནང་།  ཏང་གི་ཁྲིམས་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་དབུ་ཁྲིད་གནང་ལུགས་མངོན་ཡོད་ལ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཡོད་པ་དང་།  སྙན་སྒྲོན་དེ་གཉིས་ནི་སྲོག་ཤིང་སྲུང་སྐྱོང་དང་དམ་པ་དོན་གཉེར།  བསྒྱུར་བཅོས་གསར་གཏོད་བཅས་ཀྱི་སྙན་སྒྲོན་བཟང་པོ་ཞིག་རེད་ལ།  ཁྲིམས་སྐྱོང་གི་སྙིང་སྟོབས་དང་གཞུང་དྲང་འདྲ་མཉམ་མངོན་ཞིང་མི་སེམས་ལ་སྐུལ་མ་ཐེབས་པ་དང་།  ངོས་འཛིན་གཅིག་སྒྲིལ་གྱི་སྙན་སྒྲོན་བཟང་པོ་ཞིག་ཀྱང་ཡིན་པས་ཡོངས་སུ་ནས་མོས་མཐུན་ཡོད་ཅེས་གསུངས། 
ཝུའུ་དབྱིང་ཇེ་ནས་རིམ་ཁག་ཚན་པ་ཁག་གིས་ཁྲིམས་ལྟར་བོད་སྐྱོང་གི་འཕེལ་རིམ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་སྟེ།  བརྟན་ལྷིང་སྔོན་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་པ་དང་།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་བཏང་ནས་སྤུས་ལེགས་གོང་འཕེལ་དང་འབྱུང་འཕྲོད་གོང་འཕེལ་ལ་སྐུལ་སྤེལ་བཏང་སྟེ།  འགག་སྒྲོལ་ཆེ་མོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་།  ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་སྟེ།  མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྲུང་ཁྲིམས་སྤྱོད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས།  ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་དེ་ཁྲིམས་འཛིན་ལས་དོན་གྱི་ལྷུ་ཚིགས་ཡོངས་ལ་ལག་བསྟར་དོན་འཁྱོལ་བྱས་ནས།  ཁྲིམས་ལྟར་བོད་སྐྱོང་གི་ལས་དོན་ཁག་གཏིང་ཟབ་སྤེལ་ཏེ་ཁྲིམས་འཛིན་གྱོད་དོན་ཚང་མའི་ཁྲོད་ནས།  མི་རིགས་ཁག་གི་མང་ཚོགས་ལ་གཞུང་དྲང་དྲང་བདེན་གྱི་མྱོང་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས། 
པད་མ་འཕྲིན་ལས་ནས་ཏང་གི་འགོ་ཁྲིད་དེ་ཉིད་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་ཁག་ལ་ཁྱབ་པ་བྱས་ཏེ།  མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱས་ཐོག་ཁྲིམས་སྐྱོང་འཛུགས་སྐྱོང་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཐོག་བཞག་ནས།  བསམ་གཞིགས་བྱེད་པ་དང་ཇུས་འགོད་བྱེད་པ།  སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ།  རྒྱལ་ཁབ་ཀྱི་ཆབ་སྲིད་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བ་བྱེད་པ།  སྤྱི་ཚོགས་གཞུང་དྲང་དང་དྲང་བདེན་ལ་སྐུལ་འདེད་གཏོང་བ།  མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་སྲུང་བཅས་བྱས་ནས།  ཁྲིམས་ལུགས་ལྟ་སྐུལ་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་གོང་འཕེལ་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཞུང་དྲང་ཁྲིམས་འཛིན་གྱི་མཐའ་ཚད་བརྟན་སྲུང་ཐོག  ཁྲིམས་འཛིན་གྱོད་དོན་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ལ་གཞུང་དྲང་དྲང་བདེན་གྱི་མྱོང་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས།  
བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་རྣམ་གཉིས་ནས།  ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་
ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བཀོད་སྒྲིག་ལྟར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས།  རང་ལྗོངས་འདི་ཉིད་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཁྲིམས་འཛིན་འགན་སྲུང་ནུས་ལྡན་བྱས་ཡོད་ཅེས་གསུངས་པ་དང་སྦྲགས།  མཐོ་རིམ་ཁང་གཉིས་ཀྱིས་བོད་སྐྱོར་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།  ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་དོ་ཁུར་དེ་བས་མང་བ་བྱས་ནས་རོགས་སྐྱོར་རྣམ་གྲངས་དང་མ་དངུལ་མཐུན་སྦྱོར་དོན་འཁྱོལ་ཡག་པོ་བྱེད་པ་དང་།  ལས་བྱེད་པའི་བོད་སྐྱོར་དང་ལག་རྩལ་གྱི་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།  རང་ལྗོངས་ཀྱི་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]