ཏིང་གཡས་ཤན་གྱིས་ལྷ་སའི་སློབ་གྲྭ་ཁག་ཅིག་ཏུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༡ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ་དང་བོད་ལྗོངས་སློབ་གྲྭ་ཆེ་མོའི་རྔ་ཆེན་སློབ་ཁུལ།  ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་བཅས་ལ་ཕེབས་ནས།  སློབ་འགོ་ཚུགས་ཚུལ་དང་སློབ་གྲྭའི་བདེ་འཇགས་དང་སློབ་ཁྲིད།  སློབ་མའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་བརྟག་ཞིབ་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧེ་ཝུན་ཧའོ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོང་ཅུན་རྣམ་གཉིས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད། 
བརྟག་ཞིབ་གནང་རིང་ཏིང་གཡས་ཤན་ནས་སློབ་གྲྭ་ཁག་གི་སློབ་དུས་གསར་པའི་འགོ་ཚུགས་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།  ཕྱོགས་ཡོངས་ནས་སློབ་གསོ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཏན་ཏིག་བཏང་སྟེ།  སློབ་གསོའི་ལས་དོན་དང་ཤེས་ལྡན་པ་གསོ་སྐྱོང་།  མཁོ་སྤྲོད་དབར་གྱི་འབྲེལ་བ་ཞིབ་འཇུག་གཏིང་ཟབ་བྱས་ཐོག་ཁོང་དུ་ཆུད་པ་བྱེད་པ་དང་།  སློབ་གཉེར་སྒྲིག་གཞི་དང་སློབ་གསོའི་དོ་དམ་བསྒྱུར་བཅོས་གཏིང་ཟབ་བྱས་ནས།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་བློས་འགེལ་ཆོག་པའི་ཚད་ལོན་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 
ཏིང་གཡས་ཤན་ནས་ད་དུང་ཏང་གིས་སློབ་གསོ་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ།  
སློབ་གསོ་ཁོངས་གཏོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་གུང་གཞོན་སྡེ་ཚོགས།  ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  རྒྱུན་མཐུད་ངང་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་བྱས་ནས་ཆབ་སྲིད་བྱང་ཚད་མཐོ་བ་དང་ལས་སྒོ་བྱང་ཆུབ་པ།  མི་སྣ་གསོ་སྐྱོང་གི་ཆུ་ཚད་མཐོ་བ་བཅས་ཀྱི་དགེ་རྒན་དཔུང་ཁག་ཞིག་ཧུར་ཐག་འཛུགས་སྐྱོང་བྱེད་དགོས་པ།  ཕྱོགས་ཡོངས་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་དང་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ།  རྒྱ་ཆེའི་སློབ་མ་ཚོས་རང་འགུལ་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མོས་སེམས་ལྔ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ།  སྐད་གཉིས་སློབ་གསོ་ལག་བསྟར་ཤུགས་ཆེ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་བཏང་སྟེ།  མི་རིགས་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]