ཝུའུ་དབྱིང་ཇེ་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཚོགས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས།  ཁོང་ནས་བོད་ལྗོངས་ཀྱིས་དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་གཅིག་གྱུར་འཆར་འགོད་བྱས་ཡོད་ཅེས་གསུངས། 
ཝུའུ་དབྱིང་ཇེ་ཡིས་རང་ལྗོངས་ཀྱི་
སྤྱི་ལོ ༢༠༡༨ ལོའི་དབུལ་གྲོལ་འགག་སྒྲོལ་ལས་དོན་སྐོར་གླེང་སྐབས།  རང་ལྗོངས་ཀྱིས་གནས་སྤོས་དབུལ་སྐྱོར་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས།  དབུལ་སྐྱོར་འགག་སྒྲོལ་བཀོད་འདོམས་པུའུ་ཆེད་མངགས་བཙུགས་ཏེ་མི་སྣ་ཧྲག་འདེམས་བྱས་ཐོག་དབུལ་གྲོལ་འགག་སྒྲོལ་གྱི་འགོ་ཁྲིད་ནུས་པ་ཆེ་རུ་བཏང་ནས་འགན་འཁྲི་ཟབ་ཏུ་བཏང་བས།  དབུལ་གྲོལ་འགག་སྒྲོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པའི་ནང་དབུལ་ཕོངས་རྫོང་ ༢༥ ཡི་དབུལ་ཕོངས་མང་ཚོགས་ཁྲི་ཚོ ༡༨.༡ དབུལ་གྲོལ་ཐུབ་ཡོད་ཅེས་གསུངས། 

ཝུའུ་དབྱིང་ཇེ་ནས་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་སྐོར་གླེང་སྐབས།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་ཀར་མཐོང་ཆེན་གནང་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས།  མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་ཆེད་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་རེད་ཅེས་ནན་གསུངས་གནང་ཡོད།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་གཞིར་བཟུང་གོང་འཕེལ་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་བཞག་ཡོད།  དེང་སྐབས་མཚོ་བོད་ས་མཐོའི་རིགས་ཁག་གི་སྐྱེ་ཁམས་མ་ལག་གྲུབ་ཆ་བརྟན་པ་དང་སྤྱིའི་རྣམ་པ་ཡག་པོ་ཡོད་ལ།  ས་ཆ་མང་ཆེ་བ་གདོད་མའི་རྣམ་པར་གནས་ཡོད་པས་བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཆའི་གྲས་ཤིག་རེད་ཅེས་གསུངས།
ཝུའུ་དབྱིང་ཇེ་ཡིས་རང་ལྗོངས་ཀྱི་ཡུལ་སྐོར་བྱ་གཞག་གོང་འཕེལ་སྐོར་གླེང་སྐབས།  སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༣༣༠༠ ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར ༤༩༠ ལྷག་ཙམ་བྱུང་ནས།  ལོ་གཉིས་སྔ་སྣུར་དུ་རང་སྐྱོང་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་དམིགས་ཚད་ལེགས་གྲུབ་བྱུང་ཡོད་ཅེས་གསུངས། 
ཝུའུ་དབྱིང་ཇེ་ཡིས་ད་དུང་སྤྱི་ལོ ༢༠༡༨ ལོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག  རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པས།  སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་བ་དང་མི་རིགས་ཁག་གི་མི་དམངས་སྔར་བས་མཐུན་སྒྲིལ་མཉམ་འདྲེས་བྱུང་བ།  དམངས་འཚོ་སྔར་བས་ལེགས་བཅོས་བྱུང་བ།  ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཚོ་གཅིག་ལས་བརྒལ་བ་བཅས་བྱུང་ཡོད་ཅེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]