ཝུའུ་དབྱིང་ཇེས་དབང་ཡང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲཌ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སོཌ་བཀོད་སྒྲིག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ པའི་ཚེས ༡༣ ཉིན་གྱི་དགོང་མོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་བརྙན་ལམ་ཚོགས་འདུ་འཚོགས་གནང་སྟེ།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་།  ཉེ་དུས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དབུལ་གྲོལ་འགག་སྒྲོལ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཐད་སླར་ཡང་བཀོད་སྒྲིག་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན།  ནོར་བུ་དོན་གྲུབ།  ཅང་ཇེ།  ཧོ་ཝུན་ཧའོ།  པད་མ་དབང་འདུས།  ལིའུ་ཅང་།  ཁྲེན་ཡུང་ཆི་བཅས་ཁག་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་རེད།  ཝུའུ་དབྱིང་ཇེ་ཡིས་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྟོབས་ཤུགས་ལས་ཀའི་སྙན་ཞུ་གསན་པ་མ་ཟད་ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་ཚད་འབེབས་མཐོ་པོ་གནང་བ་རེད། 

ཝུའུ་དབྱིང་ཇེ་ནས་དེང་སྐབས་རང་ལྗོངས་ཀྱི་སྤྱི་ཚོགས་སྤྱིའི་ཆ་ནས་ཞི་མཐུན་བརྟན་ལྷིང་ཡིན་ན་ཡང་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད་པས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་།  སྤྱི་ཚོགས་དུས་བབ་རྒྱུན་སྲིང་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་།  ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱེད་རྒྱུ་དེ་ལས་འགན་གཙོ་བོར་རྩིས་ནས་སྟེས་དབང་གི་བསམ་བློ་དང་ལྷོད་གཡེང་གི་བསམ་པ་ཁྱད་བསད་བྱས་ཏེ།  གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པ་དང་།  ཁྲིད་སྟོན་ཐད་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་དགོས་པ།  མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་པ།  འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་དཀའ་གནད་ཧུར་ཐག་སེལ་དགོས་པ།  ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བང་རིམ་མང་བ་དང་ཕྱོགས་ཁག་གི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཏེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ།  དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱེད་པ་དང་གཉིས་ཀ་མཐོར་གཏོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།  མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་པ་གང་དུ་ཡོད་པ་དང་གང་ནས་ཕན་པ་བྱུང་བ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱེད་པ་དང་།  ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་སེམས་ཤུགས་དང་ཆོད་སེམས་བརྟན་དུ་གཏོང་དགོས་པ།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་གཏོགས་ཁོངས་འགན་འཁྲི་གསལ་པོ་དང་ནན་པོ་བཟོས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་དང་བཀོད་སྒྲིག་ཚགས་ཚུད་པོ་བྱས་ནས།  རང་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གཅིག་གྱུར་འཆར་འགོད་ཐོག་བཀོད་སྒྲིག་བྱེད་དགོས་པ།  རིམ་ཁག་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཨང་དང་པོ་ཡག་པོ་འཁུར་ཏེ།  བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་རྒྱུའི་ཐད་ཝུའུ་དབྱིང་ཇེ་ནས།  དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ནས་དོན་དངོས་ནས་འགོ་བཙུགས་ཏེ།  སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས།  གཅིག་གྱུར་འཆར་འགོད་ཐོག་ཇུས་འགོད་བྱེད་པ་དང་མཉམ་དུ་སྐུལ་སྤེལ་བཏང་ནས་གང་ནུས་དེ་ལྕོགས་དང་རང་ནུས་ཅི་ལྕོགས།  གྲོན་ཆུང་སྔོན་ལ་འཇོག་པ་བཅས་བྱས་ཏེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་དུ་མཐོར་གཏོང་དང་གཉིས་ཀར་གྲུབ་འབྲས་ཐོབ་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་དང་།  མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་མ་ཟད།  བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]