བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ནས་སྙན་སྒྲོན་ཆེ་ཁག་དྲུག་གི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༤ ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་ཚོགས་འདུ་འཚོགས་པ་དང་།  བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིན་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་གཡུང་ཅུན་བཅས་ཚོགས་འདུར་ཕེབས་ཡོད་པ་དང་།  རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དབུ་འཛིན་བསོད་དར་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲུའུ་ཡཱ་ཕིང་རྣམ་གཉིས་ཚོགས་འདུར་ཟུར་ཞུགས་གནང་ཡོད། 
ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྤྱི་ལོ ༢༠༡༨ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི།  སྤྱི་ལོ ༢༠༡༨ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ཀྱི་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་པ་དང་།  ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་བཅད་པའི་མ་ཟིན་དང་འབྲེལ་ཡོད་གཏན་འབེབས་ལ་གྲོས་ཞིབ་བྱས་ཡོད།   
གྲོས་རིམ་ཁག་ལེགས་སྒྲུབ་ཟིན་རྗེས་ཝུའུ་དབྱིན་ཇེ་ནས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་འཐུས་མི་ཚོགས་པས་
སྔ་རྗེས་སུ།  ཚོགས་འདུའི་གྲོས་རིམ་ལ་གཞིགས་ནས་ཚང་འཛོམས་ཚོགས་འདུ་ཐེངས་བཅོ་ལྔ་ཚོགས་ཏེ་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་གཞི་དང་སྙན་སྒྲོན་ཐད་གྲོས་ཞིབ་གནང་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་པ་ཁག་ནང་ཕེབས་ནས་གྲོས་ཞིབ་གནང་སྐབས་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་གནང་ཡོད་ཅེས་གསུངས་པ་དང་སྦྲགས།  ཚོགས་ཆེན་རིང་བོད་ལྗོངས་འཐུས་མི་ཚོགས་པའི་འཐུས་མི་དང་ཟུར་ཞུགས་པ།  ཟུར་ཉན་པ་བཅས་ཀྱིས་ཚོགས་འདུའི་སྒྲིག་ཁྲིམས་ནན་པོ་འཁུར་བ་དང་ཐབས་དང་ཇུས་ཧུར་ཐག་འདོན་པ།  འགན་འཁྲི་གཙང་སྒྲུབ་བཅས་ཀྱི་སྒོ་ནས་ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་སྒྲུབ་བྱུང་སྟེ།  བོད་ལྗོངས་འཐུས་མི་ཚོགས་པའི་ཕུལ་བྱུང་སྲོལ་རྒྱུན་འདོན་སྤེལ་གང་ལེགས་བྱེད་པ་དང་བོད་ལྗོངས་འཐུས་མི་ཚོགས་པའི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད་པས།  ཚོགས་འདུ་གྲོལ་རྗེས་བོད་ལྗོངས་འཐུས་མི་ཚོགས་པའི་འཐུས་མི་དང་ཟུར་ཞུགས་པ།  ཟུར་ཉན་པ་བཅས་ཀྱིས་དུས་ཐོག་ཏུ་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པ་དང་།  དོན་དངོས་དང་ཟུང་འབྲེལ་ཐོག་ལག་བསྟར་དོན་འཁྱོལ་བྱེད་དགོས་རྒྱུའི་ཐུགས་རེ་ཡང་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]