ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་སྤྱི་ལོ༢༠༡༩ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་སྤྱི་ལོ ༢༠༡༩ ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོ་ཉེ་དུས་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཏིང་གཡས་ཤན་མཛད་སྒོར་ཕེབས་པ་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།  ཁོང་ནས་ང་ཚོས་འདུ་ཤེས་བཞི་ཟབ་གཏོང་དང་གདེང་ཚོད་བཞི་བརྟན་གཏོང་།  སྲུང་སྐྱོང་གཉིས་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་ཁོང་དུ་ཆུད་པ།  དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ།  བློ་དཀར་དང་སྤྱོད་གཙང་།  འགན་འཁུར་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོ་ཞིག་བྱས་ཏེ།  ཕྱོགས་ཡོངས་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་ནན་གསུང་གནང་བ་རེད།

ཏིང་གཡས་ཤན་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་ཚན་རིག་རིག་གཞུང་ཞིག་ཡིན་པས།  ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་ལག་ལེན་གསར་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  སློབ་སྦྱོང་གཏིང་ཟབ་དང་ཡུན་རིང་སློབ་སྦྱོང་།  སློབ་སྦྱོང་ལ་འབད་བརྩོན་བཅས་བྱས་ཐོག་རིག་གཞུང་གི་གོ་རྟོགས་མཐོ་རུ་གཏོང་བ་དང་ཚན་རིག་གི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ།  ཕུགས་འདུན་དང་དད་སེམས་བརྟན་དུ་ཏན་ཏིག་གཏོང་བ་བཅས་བྱས་ནས།  སྔར་བས་རང་འགུལ་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།  བསམ་བློའི་གོ་རྟོག་མཐོ་རུ་གཏོང་བ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

ཏིང་གཡས་ཤན་ནས།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭས་ཀྲུང་དབྱང་ཏང་གི་སློབ་གྲྭའི་བླང་བྱ་ལྟར་རིག་གཞུང་ལ་བརྟེན་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་རྒྱུ་དེ་སླད་ཕྱིན་ཡུན་རིང་རང་བཞིན་གྱི་ལྟེ་བའི་ལས་ཀར་རྩིས་ནས་རིག་གཞུང་ཆབ་སྲིད་ཅན་དང་ཆབ་སྲིད་རིག་གཞུང་ཅན་ལ་འགྱུར་རྒྱུར་དམ་འཛིན་བྱས་ཏེ།  སློབ་ཁྲིད་བསྒྱུར་བཅོས་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་ཐུབ་པ་བྱས་ནས།  རང་ལྗོངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ནན་གསུང་གནང་ཡོད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]