རང་ལྗོངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་གཞི་བསྒྱུར་བཅོས་ལས་ཀར་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བསྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཝང་གཡུང་ཅུན་གྱིས།  རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་གཞི་བསྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་ཚོགས་གནང་སྐབས།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་གཞི་བསྒྱུར་བཅོས་ནི་སྤྱི་ཡོངས་དང་ཕུགས་རིང་དང་འབྲེལ་བའི་གལ་ཆེའི་ཆབ་སྲིད་སྒྲིག་གཞི་བསྒྱུར་བཅོས་ཞིག་ཡིན་པས།  རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དམིགས་ཚད་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ཟུང་འབྲེལ་བྱས་ནས།  སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བསྒྱུར་བཅོས་དང་ལྟ་ཞིབ་སྒྲིག་གཞི་བསྒྱུར་བཅོས།  ནང་ཁུལ་ཚན་པ་བསྒྱུར་བཅོས་བཅས་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་སྟེ།  བསྒྱུར་བཅོས་ཀྱི་གྲུབ་འབྲས་དེ་བཅོས་སྐྱོང་གི་ཕན་ནུས་ལ་འགྱུར་བ་དང་སྤྱི་པའི་དབང་ཆར་ལྟ་སྐུལ་བྱེད་རྒྱུ་དེ་སྤྱི་ཡོངས་ལ་ཁྱབ་པ་བྱས་ནས།  དེའི་ནུས་ལྡན་རང་བཞིན་ཆེ་རུ་ཏན་ཏིག་བཏང་ཐོག་རྩ་ལག་མཉམ་བཅོས་ངང་།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ལེགས་གོང་འཕེལ་མངོན་འགྱུར་ཡོང་རྒྱུ་དང་།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]