ཀྲུའུ་ཞི་དབང་ཡང་ནས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ལོ་ངོ་༦༠འཁོར་བའི་དམིཌ་བསལ་འགྲེམས་སྟོན་ལ་གཟིཌ་སྐོར་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་པེ་ཅིང་བོད་ལྗོངས་རིག་གནས་འགྲེམས་ཁང་དུ་ཕེབས་ཏེ་ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་དམིགས་བསལ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡའུ་ཆོན་སོགས་གཟིགས་སྐོར་ལ་ལྷན་དུ་ཕེབས་ཡོད།

དབང་ཡང་ནས།  ལོ་ངོ་ ༦༠ ཡི་གོང་དུ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དེ་ནི།  བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས།  ཡར་རྒྱས་ཀྱི་དོན་སྙིང་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་ཡིན།  ལོ་ངོ་ ༦༠ ཡི་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པར་བཅིངས་འགྲོལ་ཤུགས་ཆེ་བཏང་བས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་།  ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ནུས་ལྡན་བྱུང་སྟེ་ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་བྱུང་ཡོད།  ལོ་རྒྱུས་ཀྱི་ར་སྤྲོད་ཁུངས་བཙན་ཐོག་ནས་མངོན་པར་གཞིགས་ན།  དམངས་གཙོའི་བཅོས་བསྒྱུར་མ་བྱས་ན་བོད་ཀྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་མི་སྲིད་པ་དང་།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཡང་བདེ་སྐྱིད་ཀྱི་འཚོ་བ་བྱུང་མི་སྲིད་ཅེས་མཛུབ་སྟོན་གནང་བ་རེད།

དབང་ཡང་ནས།  བོད་ཀྱི་ད་ལྟའི་རྣམ་པ་བཟང་པོ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་གཅེས་འཛིན་ལྡབ་བརྒྱ་བྱེད་དགོས།  ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཅས་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག  བོད་ལྗོངས་གྲ་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ།  གངས་ལྗོངས་ས་མཐོ་འདི་ཉིད་དེ་བས་བརྟན་ལྷིང་ཞི་མཐུན་དང་མི་རིགས་ཁག་གི་མི་དམངས་དེ་བས་བདེ་སྐྱིད་ཁམས་བདེ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་དམིགས་བསལ་འགྲེམས་སྟོན་སྟེང་པར་རིས ༥༠༠ ལྷག་དང་དངོས་རྫས ༤༨  རྟོག་བཟོ་བྱས་པའི་སྣ་མང་སྨྱན་སྦྱོར་སོགས་ཀྱི་ལག་རྩལ་བརྒྱུད་དེ་ཕྱོགས་ཡོངས་དང་ལངས་གཟུགས་རྣམ་པའི་ཐོག་ནས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ ༦༠ འཁོར་བའི་འོད་སྟོང་འབར་བའི་ལོ་རྒྱུས་མངོན་པར་བྱས་ཡོད་པས།  བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དམར་འདོན་བྱས་ཡོད་ཅིང་།  སྤྱི་ལོ ༡༩༥༩ ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་པས་དྲག་པོའི་ངོ་ལོག་ཟིང་འཁྲུགས་བསླངས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་མ་ཟད།  ལོ་ངོ་ ༦༠ ཡི་ཚུན་དུ་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་དང་།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བོད་ལ་ཐུགས་ཁུར་གནང་ལུགས་དང་།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཀྱང་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད།

འགྲེམས་སྟོན་དངོས་སུ་འགོ་ཚུགས་ནས་ཟླ་བ་གཅིག་སོང་རིང་།  ས་གནས་ས་ཐོག་ཏུ་ལྟ་སྐོར་བྱེད་མཁན་དང་དྲ་ཐོག་ལྟ་སྐོར་བྱེད་མཁན་གྱི་ལས་རིགས་ཁག་གི་གཟིགས་མོ་བ་མི་ཐེངས་ཁྲི ༥ ལྷག་ཙམ་ཟིན་པ་དང་།  འགྲེམས་སྟོན་དེ་སྤྱི་ཟླ ༡༢ པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]