ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ལ་རང་ལྗོངས་སྤྱི་བདེའི་འཐབ་ཕྱོཌ་སུ་ཚུར་སྣང་ལན་ཆ་དྲག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་སྤྱི་བདེའི་འཐབ་ཕྱོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།  ཚང་མས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་མཐའ་གཅིག་ཏུ་སྒྲུབ་སྟེ།  མི་དམངས་མང་ཚོགས་ཀྱི་བདེ་སྣང་ཆེ་བ་དང་བདེ་འཇགས་ལ་འགན་ལེན་ཡོད་པ།  བདེ་འཇགས་རྒྱུན་སྲིང་ཐུབ་པ་བཅས་བྱས་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་སྲུང་དེ་བས་ནུས་ལྡན་བྱེད་རྒྱུ་ཡིན་ཞེས་བཤད།

ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་བྱེད་པ་དང་བསྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་སྟོབས་ཆེར་གཏོང་བ།  ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་དར་རྒྱས་གཏོང་བ།  ནན་པོས་ཉེན་རྟོག་སྐྱོང་བ་བཅས་བྱེད་དགོས་ཞེས་སྤྱི་བདེའི་ལས་ཀར་བཏོན་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛད་ཕྱོགས་དེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྤྱི་བདེ་ཅུད་ཀྱི་ཉེན་རྟོག་པ་ཝང་ཀྲའོ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།  ཁོང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པར་ཇི་ལྟར་བྱས་ཏེ་ཉེན་རྟོག་འཛུགས་སྐྱོང་བྱེད་པ་དང་ཉེན་རྟོག་སྟོབས་ཆེར་གཏོང་བ།  ཉེན་རྟོག་དར་རྒྱས་གཏོང་བ།  ཉེན་རྟོག་སྐྱོང་བ་བཅས་བྱེད་རྒྱུར་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་གནད་དོན་གསལ་འགྲེལ་གནང་ཡོད་པས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་།  དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གཙོ་བོར་རྩིས་ནས་སྤྱི་བདེ་ལས་ཁུངས་ཀྱི་དུས་རབས་གསར་པའི་འགན་འཁྲི་ཏན་ཏིག་སྒྲུབ་རྒྱུ་ཡིན་ཞེས་གསུངས།

ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུད་ཆབ་སྲིད་པུའུ་དྲིལ་བསྒྲགས་ཁོའི་མི་དམངས་ཉེན་རྟོག་པ་ཏིང་ཏེ་ཝུད་ནས།  སྤྱི་བདེ་དཔུང་ཁག་གི་དྲིལ་བསྒྲགས་པ་ཞིག་ཡིན་པའི་ངོས་ནས་ངས་འགྲོ་ནུས་དང་བསམ་ནུས།  ལྟ་ནུས།  འབྲི་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བརྙན་ལེན་འཕྲུལ་ཆས་དང་པར་ལེན་འཕྲུལ་ཆས།  སྒྲ་ཕབ་འཕྲུལ་ཆས་བཅས་སྤྱད་དེ་ནག་ཆུའི་སྤྱི་བདེའི་མི་དམངས་ཉེན་རྟོག་གི་གཏམ་རྒྱུད་གླེང་ནས་མང་ཚོགས་ཀྱིས་སྤྱི་བདེའི་ལས་ཀར་ཤེས་རྟོགས་ཟབ་མོ་ཡོང་བ་བྱེད་རྒྱུ་ཡིན་གསུངས།

ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུད་ལྟ་ཞིབ་ཡན་ལག་རུ་ཁག་གི་ཉེན་རྟོག་པ་ཐན་ཡུང་ཅའུ་ནས།  དུས་རབས་གསར་པའི་སྤྱི་བདེའི་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་ཉེན་རྟོག་པ་ཚང་མས་དུས་དང་རྣམ་པ་ཀུན་དུ་རང་འཁྲིའི་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་རང་གཅུན་ནན་པོ་བྱས་ཏེ།  དཔུང་ཁག་དོ་དམ་ཐད་དྲང་ནན་གྱིས་བཀུར་ཞིང་སྐྲག་པ་དང་སྒྲིག་ལམ་བརྩི་སྲུང་།  མཐའ་ཚད་སྲུང་བ་བཅས་ཀྱི་ཚད་མཐོའི་རང་རྟོགས་ཐོག་ནས་དོ་དམ་ངོ་མ་དང་ནན་པོ་ངོ་མ་བྱེད་པ་དང་།  དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ།  ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བྱེད་པ་བཅས་ཐུབ་པ་བྱས་ཏེ།  ནན་པོས་ཉེན་རྟོག་སྐྱོང་རྒྱུ་དོན་འཁྱོལ་ངང་བྱང་ཚད་མཐོ་བའི་སྤྱི་བདེའི་དཔུང་ཁག་དང་བསམ་པ་རྣམ་དག་ཅན་གྱི་ཉེན་རྟོག་པ་གསོ་སྐྱོང་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]