སྙུང་གནས་ཟླ་བ་འཆར་ཉེའི་མཚམས་སུ་ཀྲོང་ཡན་ནས་མུ་སི་ལིམ་མང་ཚོཌ་ལ་དུས་ཆེན་གྱི་འཚམ་འདྲི་ཞུས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མུ་སི་ལིམ་གྱི་སྙུང་གནས་ཟླ་བ་འཆར་ཉེའི་མཚམས་སུ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་ལྷ་ས་གྲོང་ཁྱེར་གྱི་དབྱི་སི་ལན་ཕྱག་འཚལ་ཁང་ཆེ་ཆུང་དུ་བརྟག་ཞིབ་གནང་བར་ཕེབས་ནས།  དད་ལྡན་མང་ཚོགས་ལ་གཟིགས་པ་མ་ཟད་ཏང་གི་ཆོས་ལུགས་ལས་དོན་གྱི་སྲིད་ཇུས་སྒྲོག་འགྲེལ་གནང་བ་རེད། 
ཀྲོང་ཡན་གྱིས་བརྟག་ཞིབ་གནང་རིང་།  དབྱི་སི་ལན་ཕྱག་འཚལ་ཁང་གི་རྒྱུན་གཏན་དོ་དམ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།  ཆོས་ལུགས་བྱེད་སྒོ་ཚད་ལྡན་ཅན་དུ་གཏོང་རྒྱུ་དང་དད་ལྡན་མང་ཚོགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།  ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཇུས་ལག་བསྟར་བྱས་ནས་སྤྱི་འབངས་ཀྱི་ཆོས་དད་རང་མོས་ལ་ཁྲིམས་ལྟར་འགན་སྲུང་བྱེད་པ་དང་།  རྒྱ་ཆེའི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་སྟེ་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ།  ཆོས་ལུགས་ཀྱི་ལྟ་བ།  ལོ་རྒྱུས་ཀྱི་ལྟ་བ།  རིག་གནས་ཀྱི་ལྟ་བ་བཅས་བཙུགས་ནས།  རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཁྲོད་ནུས་པ་ཆེན་པོ་བཏོན་ཡོད་ཅེས་གསུངས་པ་རེད། 
ཀྲོང་ཡན་གྱིས་དབྱི་སི་ལན་ཕྱག་འཚལ་ཁང་འདི་ཉིད་དབྱི་སི་ལན་རིག་གནས་རྒྱུན་འཛིན་གྱི་ལྟེ་གནས་དང་མང་ཚོགས་ཆོས་དད་དགོས་མཁོ་སྐོང་བའི་གནས་གཞི།  དབྱི་སི་ལན་ཆོས་ལུགས་བྱ་བ་དོ་དམ་གྱི་གཞི་རྩའི་ཚན་པ་བཅས་ཡིན་པས་འབྲེལ་ཡོད་ཚན་པ་ཁག་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་ཡོངས་ཆོས་ལུགས་ལས་ཀའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་།  མི་རིགས་ཆོས་ལུགས་ལས་དོན་སྐོར་ལ་གནང་བའི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  ཆོས་ལུགས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་བ་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས།  མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བ་བྱེད་དགོས་པ་དང་།  བྱ་ཐབས་དང་ལམ་སྲོལ་གསར་གཏོད་བྱས་ཐོག་འཐུས་སྒོ་ཚང་དུ་བཏང་ནས་དབྱི་སི་ལན་ཕྱག་འཚལ་ཁང་དོ་དམ་གྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན།  ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ།  ཁྲིམས་སྐྱོང་བྱ་ཐབས་ཐོག་ནས་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱབ་ཏེ་བསམ་ཕྱོགས་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་དང་གསལ་རྟོགས་ཐུབ་པ།  སྟངས་འཛིན་གནད་འཕིགས་བཅས་བྱས་ཐོག་བྱ་ཐབས་ཡོད་པ་དང་ནུས་ཤུགས་ཆེ་བ།  ཕན་འབྲས་ཆེ་བ་བཅས་བྱས་ནས་ཆོས་ལུགས་ལས་ཀའི་རང་འགུལ་དབང་ཆ་ཏན་ཏིག་བཟུང་དགོས་པ།  རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས་ཁོང་ཚོའི་སེམས་ནུས་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་བཅོས་ཐད་ཁྲིད་སྟོན་བྱེད་དགོས་པ་དང་།  སིམ་འཛུལ་དང་གཏོར་བཤིགས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་དད་ལྡན་མང་ཚོགས་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས།  སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུར་སྒྲིག་འཛུགས་སྐུལ་སློང་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]