རང་ལྗོངས་ཀྱི་འཐུས་མི་ཚོགས་པས་ད་ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་ཚོགས་ར་གཙོ་བོའི་མུ་འབྲེལ་བྱེད་སྒོར་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་ཉེ་དུས་ཧྲང་ཧེར་སྤེལ་འགོ་ཚུགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་ནས་རང་སྐྱོང་ལྗོངས་ཀྱི་འཕེལ་སྒྱུར་ཨུ་ལྷན་དང་དཔལ་འབྱོར་དང་ཆ་འཕྲིན་ཅན།  ཞིང་འབྲོག་ལས་དང་གྲོང་གསེབ།  ཚོང་དོན།  ཁྲོམ་ར་ལྟ་སྡོམ་སོགས་ཚན་པ་ལས་གྲུབ་པའི་རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚོགས་ར་གཙོ་བོའི་མུ་འབྲེལ་བྱེད་སྒོར་ཞུགས་ཡོད།

འཐུས་མི་ཚོགས་པས།  ས་གནས་ས་ཐོག་ཏུ་ལྟ་སྐོར་དང་སློབ་སྦྱོང་།  གྲོས་མོལ་སོགས་བྱས་རྗེས་ཚོང་གཉེར་ཁོར་ཡུག་ལེགས་ཤོས་ཧུར་ཐག་གཏོད་རྒྱུ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱས་ཐོག  རང་ལྗོངས་ཁེ་ལས་ཀྱིས་ཆེད་ལས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་རྒྱུན་མཐུད་ཁྲིད་སྟོན་བྱས་ཏེ།  ཁྲོམ་རའི་འདྲ་མཉམ་འགྲན་རྩོད་དང་འཛད་སྤྱོད་པའི་རང་བདག་བདམས་གའི་ཁྲོད།  འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་བོད་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱས་པར་གཞིགས་ན།  སྐབས་འདིའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོའི་ཐོག་ཚོགས་ར་གཙོ་བོའི་གླེང་སྟེགས་གཅིག་དང་ཡན་ལག་ཚོགས་རའི་གླེང་སྟེགས་མང་པོ་བཙུགས་ཡོད་པ་མ་ཟད།  རང་བདག་སྤུས་རྟགས་འཛད་སྤྱོད་ཉམས་ལེན་ཁུལ ༡༣ བཙུགས་ཡོད་པ་དང་ལེགས་འདེམས་བྱས་པའི་རང་བདག་སྤུས་རྟགས་ཁེ་ལས ༢༠༠ ཙམ་གྱིས་ཀྱང་ཧྲང་ཧེར་གཅིག་བསྡུས་ཐོག་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]