བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྒྱུར་བཟོ་རྒྱས་སྐྲུན་གྱི་རྣམ་གྲངས་འཛུཌ་སྐྲུན་འཕེལ་རིམ་བཟང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ།  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྒྱུར་བཟོ་རྒྱས་སྐྲུན་གྱི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།  བརྟག་ཞིབ་ཚོགས་ཆུང་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བསྒྱུར་བཟོ་རྒྱས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་དང་འཛུགས་སྐྲུན།  ཨར་སྐྲུན་བདེ་འཇགས་སོགས་ལ་རྟོག་ཞིབ་བྱས་པ་མ་ཟད།  ལས་གཞིའི་སྤུས་ཚད་དང་བདེ་འཇགས།  མྱུར་ཚད་སོགས་ཐད་ཞིབ་ཕྲའི་བསམ་འཆར་དང་བླང་བྱ་བཏོན་པ་རེད། 
བརྟག་ཞིབ་ཚོགས་ཆུང་གིས་ལས་གཞི་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་སྤུས་ཚད་དང་བདེ་འཇགས།  མྱུར་ཚད་བཅས་འགན་ལེན་བྱེད་པ་དང་ལས་གཞིར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཐོག  རིགས་གཅིག་མཁས་ཅན་གྱི་དགོངས་འཆར་མང་ཙམ་ཉན་དགོས་པ་དང་།  རང་སྐྱོང་ལྗོངས་རིག་དངོས་ཅུས་དང་བོད་ལྗོངས་རྟེན་རྗས་བཤམས་མཛོད་ཁང་གིས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ།  ཨར་སྐྲུན་ཚན་པ་སོགས་འབྲེལ་ཡོད་ཚན་པ་དང་འབྲེལ་གཏུགས་མཐུན་སྦྱོར་གཏིང་ཟབ་དང་མཉམ་ལས་ཤུགས་ཆེ་བྱེད་དགོས་པ།  ཨར་སྐྲུན་ཚན་པས་ཁོར་ཡུག་སྲུང་སྐྱོང་ཐད་མཐོང་ཆེན་བྱས་ཏེ་གཏན་འབེབས་གཞིར་བཟུང་ཨར་སྐྲུན་བྱས་ནས།  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྒྱུར་བཟོ་རྒྱས་སྐྲུན་གྱི་རྣམ་གྲངས་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]