ཏིང་གཡས་ཤན་ནས་སློབ་ཆེན་ཐོན་པའི་རང་ལྗོངས་ཀྱི་སློབ་མའི་ལས་ཞུཌ་ལས་གཏོད་ལ་སྐུལ་སྤེལ་གཏོང་རྒྱུར་བླང་བྱ་བཏོན་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༣ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས།  སློབ་ཆེན་ཐོན་པའི་རང་ལྗོངས་ཀྱི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སློབ་ཆེན་ཐོན་པའི་རང་ལྗོངས་ཀྱི་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་གཏོང་རྒྱུའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་གནང་བ་རེད།

ཏིང་གཡས་ཤན་གྱིས་ཚོགས་ཞུགས་བློ་མཐུན་ཚོའི་གཏམ་བཤད་གསན་རྗེས།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོར་གཞིགས་ནས་ཤེས་ལྡན་པའི་མཁོ་སྤྲོད་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ་དང་།  སློབ་ཆེན་གྱི་སློབ་བསྡུའི་གཞི་ཁྱོན་ལུགས་མཐུན་གཏན་འཁེལ་བྱས་ཐོག་རིག་ཚན་དང་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས།  སྤྱོད་མཁོ་ཆེ་བ་དང་ཆེད་ལས་རང་བཞིན་ལྡན་པའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པ་དང་།  རང་ལྗོངས་ཀྱི་ལས་ཞུགས་ལས་ཀའི་ཆོད་ཉིད་ལ་ངོས་འཛིན་གསལ་པོ་དང་སྟངས་འཛིན་ཡང་དག་བྱས་ཏེ།  དོན་དངོས་དང་དམ་པོར་བསྟུན་ནས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་ལས་ཞུགས་སྲིད་ཇུས་དེ་བས་ལེགས་པ་ལག་བསྟར་བྱས་ཐོག  ཁྲོམ་ར་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་བཏང་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུ་འགན་སྲུང་བྱེད་དགོས་པ།  ཤེས་ལྡན་པའི་འཆར་འགོད་དང་འབྲེལ་ཡོད་བསྡོམས་རྩིས་ལས་དོན་ཡག་པོ་སྤེལ་ནས་ཐོན་ཁུངས་ཁག་ལེགས་སྒྲིག་གང་ལེགས་བྱས་ཏེ།  ལས་ཞུགས་ཀྱི་སྟེགས་བུ་སྐྲུན་པ་དང་འཐབ་བརྒྱ་ཇུས་སྟོང་ངང་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཤངས་ནས་ལས་གནས་མང་པོ་མཁོ་འདོན་བྱེད་དགོས་པ།  རྒྱ་ཆེའི་སློབ་ཆེན་སློབ་ཐོན་སློབ་མས་ཡང་དག་པའི་འཇིགས་རྟེན་ལྟ་བ་དང་མི་ཚེའི་ལྟ་བ།  རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཁྱིམ་བདག་དང་ལྷག་པར་དུ་རྒྱ་ཆེའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྟ་བ་འགྱུར་རྒྱུར་ཁྲིད་སྟོན་བྱས་ཏེ།  རང་ངོས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཁྲོམ་ར་བརྒྱུད་ལས་ཞུགས་ཐུབ་པ་བྱས་ནས།  སྤྱི་ཚོགས་ཡོངས་སུ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]