ལྗོངས་ཡོངས་སྤྱི་བདེ་ཚན་པས་ཞི་ཅིན་ཕིང་ནས་གནང་བའི་གལ་ཆེའི་གསུང་བཤད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་སྤྱི་བདེ་ཐིང་གིས་ཏང་ཨུད་ཀྱི་ཚོགས་འདུ་འཚོགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།  འབྲེལ་ཡོད་ལག་བསྟར་དོན་འཁྱོལ་ལས་དོན་ཡག་པོ་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།   
ཚོགས་འདུའི་ཐོག ལྗོངས་ཡོངས་རིམ་ཁག་སྤྱི་བདེ་ཚན་པས་རང་རྟོགས་ངང་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས་ཏེ།  བསམ་བློའི་གོ་རྟོགས་མཐོ་རུ་དགོས་པ་དང་མཐའ་ཚད་ཀྱི་བསམ་གཞི་བརྟན་པོ་བཙུགས་ནས།  རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་ཉེན་ཁའི་རྐྱེན་རྩ་སེལ་བ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་གཏོང་ཆེད་འགན་སྲུང་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]