ལྗོངས་ཏང་ཨུད་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོཌ་ཆུང་གི་ཚང་འཛོམས་ཚོཌ་འདུ་ཐེངས་དང་པོ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༡༤ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྲང་ཡུང་ཙེ་དང་ལི་ཝུན་ཕིང་རྣམ་གཉིས་ཚོགས་འདུར་ཕེབས་ཡོད།

ཏིང་གཡས་ཤན་ནས་དམག་ཞབས་ཐིམ་པའི་དམག་མི་ནི་ཏང་དང་རྒྱལ་ཁབ་ཀྱི་རིན་ཐང་བྲལ་བའི་རྒྱུ་ནོར་ཞིག་རེད་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་གལ་ཆེན་ཞིག་ཀྱང་རེད།  རིམ་ཁག་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།  ལས་ཀའི་བླང་བྱ་ཁོང་དུ་ཆུད་པ་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ།  ཁྲིམས་སྐྱོང་གི་བསམ་གཞི་འཛུགས་པ།  འགན་འཁྲི་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་གཙོ་གནད་ལས་འགན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

ཏིང་གཡས་ཤན་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ནི་ཁྱབ་རྒྱ་ཆེ་བ་དང་།  ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཆེན་པོ་ལྡན་ཡོད་པས།  རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་སྒྲིག་གཞི་དང་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་།  གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  མཐའ་ཚད་གྱི་བསམ་གཞི་རྒྱུན་འཁྱོངས་བྱས་ཏེ་ཞབས་ཞུ་འགན་སྲུང་དང་བསམ་བློའི་སློབ་གསོའི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་པ།  སྲིད་ཇུས་དོན་འཁྱོལ་དང་ལས་ཞུགས་ལས་གཏོད་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་པ།  ཐུགས་ཁུར་གཅེས་སེམས་དང་ཚད་ལྡན་དོ་དམ་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་པ།  ཁེ་དབང་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་བཅས་བྱས་ཏེ།  ལྗོངས་ཡོངས་གོང་འཕེལ་བརྟན་ལྷིང་དང་རྒྱལ་སྲུང་དམག་དཔུང་འཛུགས་སྐྱོང་ལ་ཞབས་ཞུ་བྱེད་པའི་སྤྱིའི་དམིགས་ཚད་ལ་དམིགས་ནས།  དམག་ཞབས་ཐིམ་པའི་དམག་མིའི་ལས་ཀ་ཕན་འབྲས་ལྡན་པའི་ངང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་ཀ་དང་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ནང་མཉམ་འདྲེས་ཐུབ་པ་བྱེད་པ་དང་།  སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལུས་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་སྤེལ་གཏོང་བ།  བསྒྱུར་བཅོས་གསར་གཏོད་བྱས་ནས་འགལ་ཟླ་སེལ་རྒྱུར་སྐུལ་སྤེལ་གཏོང་དགོས་པ།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  དེ་བཞིན་འགན་ནུས་ཚན་པ་ཁག་གིས།  ཏང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཐོག  འགན་འཁྲི་དོན་འཁྱོལ་བྱེད་པ་དང་འཇོན་ཐང་ཆེ་རུ་གཏོང་བ།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ།  ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]